ཀྲུང་དབྱང་སྐུ་ཚབ་ཚོགས་པ་ནང་སོག་ནས་ཞག་གྱེས་ཏེ་པེ་ཅིང་དུ་ཕྱིར་ལོག་གནང་བ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུད་ཀྲེང་ཧྲེང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས། ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་། ནང་སོག་རང་སྐྱོངས་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་བཅས་གྲུབ་ཟིན་རྗེས། སྤྱི་ཚེས་༡༡ཉིན་གྱི་ས་སྲོད་ཙམ་དུ་ཁག་སོ་སོར་ནང་སོག་གི་ས་ཆ་མང་པོ་ནས་གནམ་གྲུར་ཞུགས་ཏེ་པེ་ཅིང་དུ་ཕྱིར་ལོག་གནང་ཡོད།

ཀྲུང་དབྱང་སྐུ་ཚབ་ཚོགས་པ་སྤྱི་ཟླ་༨པའི་ཚེས་༧ཉིན་པེ་ཅིང་ནས་ཞལ་གྱེས་ཏེ་ཧུ་ཧའེ་ཧོ་ཐེར་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པར་ཕེབས་ཡོད། ཉིན་ཤས་བསྟུད་མར། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཛའ་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་བསྣམས་ནས་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་བྱང་རྒྱུད་མཐའ་མཚམས་སུ་ཕེབས་ཡོད་པ་དང་། ཏང་གི་དྲོ་སྐྱིད་ནང་སོག་མི་དམངས་ཀྱི་སེམས་ནང་བསྐྱལ་ཡོད་པས། ས་གནས་དེ་གར་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཐོབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།