ཤིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་པའི་ཉི་ཤུ་དྲུག་ཉིན་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་ཐད་དཔྱད་གཏམ་པའི་རྩོམ་ཡིག་སྤེལ།
སྤེལ་བའི་དུས་ཚོད། : 2017-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་པའི་ཉི་ཤུ་དྲུག་ཉིན་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་ཐད་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཞིང་། འགོ་བརྗོད་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་རྒྱུར་མི་དམངས་ཀྱིས་ཁས་ལེན་འཐོབ་དགོས་པ་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བྱེད་དགོས་ཞེས་པ་འཁོད་ཡོད།

དཔྱད་གཏམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་འཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་ཐོག་གི་གསུང་བཤད་གལ་ཆེན་ནང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་རྒྱུར་མི་དམངས་ཀྱིས་ཁས་ལེན་འཐོབ་དགོས་པ་དང་ལོ་རྒྱུས་ཀྱི་ཉམ་སད་ཐེག་ཐུབ་པ་བྱེད་དགོས་ཞེས་གསུངས་གནང་ཡོད། སྤྱི་ལོ་༢༠༢༠ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་རྒྱུ་དང་ལོ་བརྒྱའི་དམིགས་འབེན་ཁག་དང་པོ་མངོན་འགྱུར་ཐུབ་པ་བྱེད་རྒྱུ་དེ་ནི་ང་ཚོའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བྱས་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཞིག་ཡིན། ཁས་ལེན་འདི་ལ་མི་དམངས་ཀྱི་ཁས་ལེན་འཐོབ་པ་བྱེད་དགོས་པ་དང་ལོ་རྒྱུས་ཀྱི་ཉམ་སད་ཐེག་ཐུབ་པ་བྱེད་དགོས་ཞེས་དང་།

དཔྱད་གཏམ་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཀའ་ངལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་བློ་བརྟན་འགྱུར་མེད་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཀྱིས་རྨང་གཞི་བརྟན་པོ་འདིང་བ་དང་སྒྲོམ་གཞི་ཡག་པོ་འཛུགས་པ་བྱས་ཏེ། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་དང་ཡོང་འབབ་ཧེ་བག་ཆུང་དུ་གཏོང་བ། སྲིད་འཛིན་རང་བཞིན་གྱི་སྒེར་སྡོམ་མེད་པར་བཟོས་ནས་བསྒྱུར་བཅོས་བྱེད་ཁག་པའི་གནད་དོན་རབ་དང་རིམ་པ་བསྒྱུར་བཅོས་བྱས་ཤིང་། སྔར་ནས་བྱུང་མྱོང་མེད་པའི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་བཏང་བས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཐུབ་པའི་གྲུབ་འབྲས་ཆེན་པོ་འཐོབ་ཡོད་ཅེས་དང་།

དཔྱད་གཏམ་པས་ལག་ལེན་ནི་བདེན་དོན་དབྱེ་འབྱེད་ཀྱི་ཚད་གཞི་ཉག་གཅིག་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་རྒྱུར་མི་དམངས་ཀྱིས་ཁས་ལེན་འཐོབ་དགོས་པ་དང་ལོ་རྒྱུས་ཀྱི་ཉམ་སད་ཐེག་ཐུབ་པ་བྱེད་དགོས་པས་ངེས་པར་དུ་ལག་ལེན་ནི་ཨང་དང་པོ་ཡིན་པའི་ལྟ་བ་འཛུགས་རྒྱུ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་རྒྱུའི་བླང་བྱ་ཁག་ལ་གཞིགས་ཏེ། གཙོ་གནད་དམ་འཛིན་དང་། མི་འདང་བའི་ཆ་ཁ་གསབ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་དང་ལྷག་དོན་དུ་ཉེན་ཁ་ཚབས་ཆེ་རིགས་སྔོན་འགོག་དང་གནད་འཕིགས་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོ་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གང་ལེགས་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ཀྱིས་མི་ཁྱོན་ཡོངས་ནས་གོང་འཕེལ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་བྱེད་དགོས་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།