ཡུལ་ཀྲེན་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་ཆུང་དང་པོའི་སྣེ་ཁྲིད་དེ་པོ་ཐོའོ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ།
སྤེལ་བའི་དུས་ཚོད། : 2017-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུལ་ཀྲེན་ཧྲེང་གིས་སྤྱི་ཚེས་༡༠ཉིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་ཆུང་དང་པོའི་སྣེ་ཁྲིད་དེ། པོ་ཐོའོ་གྲོང་ཁྱེར་རུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། བློ་མཐུན་ཞི་ཅིང་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱི་སྨོན་འདུན་ཟབ་མོ་བསྣམས་ཏེ་ཚང་མ་དང་མཉམ་དུ་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས་ཡོད།

སྔ་དྲོ། ཡུལ་ཀྲེན་ཧྲེང་སོགས་པོ་ཐོའོ་ངར་ལྕགས་ཚོགས་པ་ཀུང་སེའི་ཤི་ཐུ་ངར་ལྕགས་དང་ལྕགས་ལེབ་རྒྱུ་ཆའི་བཟོ་གྲྭར་ཕེབས་ཏེ་འཁོར་ཁང་གི་ཐོན་སྐྱེད་ཁུལ་ལ་གཟིགས་ཞིབ་གནང་བ་དང་། ལས་ཡུལ་དངོས་ཀྱི་ལས་བཟོ་པ་དང་ངལ་རྩོལ་དཔེ་བཟང་གི་འཐུས་མི་བཅས་དང་སྤེལ་རེས་གཏིང་ཟབ་གནང་ཡོད། ཁོང་གིས་ཚང་མས་བློ་བརྟན་འགྱུར་མེད་དང་རྩེ་གྲ་བརྩོན་ལེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་། ལས་གཅེས་ལས་བརྩོན། བརྩོན་འགྲུས་འབད་འབུངས། འབད་བརྩོན་ཆེན་པོས་ཤེས་བྱ་གསར་པ་དང་སློབ་སྦྱོང་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ་བྱེད་པ། འཇོན་ནུས་གསར་པ་གསོ་སྤེལ་བཅས་བྱས་ཏེ། ཁེ་ལས་གོང་འཕེལ་ལ་སྐུལ་འདེད་དང་རྒྱལ་ཁབ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་ཡོད།

དེ་རྗེས། ཡུལ་ཀྲེན་ཧྲེང་ད་དུང་པོ་ཐོའོ་ཤི་ཐུ་ཞིབ་འཇུག་ཁང་དུ་ཕེབས་ནས་ཤི་ཐུ་ལག་རྩལ་ཞིབ་འཇུག་གོང་འཕེལ་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཚན་ཞིབ་མི་སྣར་འཚམས་འདྲི་གནང་ཡོད། ཡུལ་ཀྲེན་ཧྲེང་གིས། ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་ལས་ཁུངས་ཀྱི་བཟང་ཆ་རྒྱ་ཆེར་གཏོང་དགོས་པ་དང་། འགག་རྩའི་ལག་རྩལ་དང་། ཁྱབ་ཁོངས་གཙོ་བོའི་ཞིབ་འཇུག་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས་ཞེས་བསྟན་ཡོད།

ཕྱི་དྲོ། ཡུལ་ཀྲེན་ཧྲེང་གིས་པོ་ཐོའོ་གྲོང་ཁྱེར་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་འཐུས་མི་དང་མཇལ་མོལ་གནང་བ་དང་། པོ་ཐོའོ་གྲོང་ཁྱེར་གྱིས་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་བཞུགས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།