ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས། གསར་དུ་བཟོ་བཅོས་བྱས་པའི་༼དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྲོལ་ཡིག་༽ཁྱབ་བསྒྲགས་བྱས་པ་རེད།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས། གསར་དུ་བཟོ་བཅོས་བྱས་པའི་༼དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་དོན་སྲོལ་ཡིག་༽ཁྱབ་བསྒྲགས་བྱས་པ་དེ། ༢༠༡༧ལོའི་ཟླ་བ་༡༠པའི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། སྲོལ་ཡིག་ནང་ཁྱོན་ས་བཅད་༨དང་དོན་ཚན་༤༠ཡོད་ཅིང་། དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་ཀའི་རྩ་དོན་དང་། གཞུང་ཡིག་གི་རིགས་དང་རྣམ་པ། གཞུང་ཡིག་འབྲི་བའི་སྒྲིག་སྲོལ། གཉེར་བའི་གོ་རིམ་དང་དོ་དམ་བླང་བྱ་སོགས་ལ་གཏན་འབེབས་གསར་པ་བྱས་ཡོད་པ་རེད།

༼དམག་དཔུང་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་ཀའི་སྲོལ་ཡིག་༽ནི་ཧ་ཅང་གལ་འགངས་ཆེ་བའི་དམག་དོན་སྲོལ་ཡིག་ཅིག་ཡིན་པ་དང་། དམག་དཔུང་རིམ་ཁག་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་ལས་ཀར་མཛུབ་ཁྲིད་བྱེད་པའི་གཞི་རྩའི་གཞི་འཛིན་ས་ཞིག་རེད། ད་ཡོད་སྲོལ་ཡིག་ལ་བཟོ་བཅོས་འཐུས་ཚང་བྱས་པ་ནི་ཏང་གིས་དུས་བབ་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཡུལ་མངོན་འགྱུར་ཡོང་ཆེད་དང་། ཁྲིམས་བཞིན་དམག་དཔུང་སྐྱོང་བ་དང་། དམག་དཔུང་ནན་ཏན་ངང་སྐྱོང་བའི་བྱེད་ཕྱོགས་ལག་བསྟར་དང་། དམག་དཔུང་དངོས་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་རེད། །

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།