ཞི་ཅིན་ཕིང་གིས་ཁོའར་སྐུ་གཤེགས་པའི་ཐད་འཇར་མན་གྱི་ཙུང་ཐུང་དང་ཙུང་ལིར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལིར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།
སྤེལ་བའི་དུས་ཚོད། : 2017-06-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༧ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་དེ་སྔའི་ཙུང་ལི་ཁོའར་སྐུ་གཤེགས་པའི་ཐད་འཇར་མན་གྱི་ཙུང་ཐུང་ཧྲེ་ཐའེ་དབྱིན་མའེར་དང་ཙུང་ལི་མོ་ཁེར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབས་ཞུས་པ་མ་ཟད་ཁོང་རང་ཉིད་ཀྱི་མིང་ཐོག་ནས་ཁོའར་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། ཁོའར་གྱི་མཉེན་ཉེ་སྤུན་མཆེད་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་པ་ཞིག་ཡིན་པའི་ངོས་ནས་སྐུ་ཞབས་ཁོའར་གྱིས་འཇར་མན་སླར་ཡང་གཅིག་གྱུར་དང་ཡོ་རོབ་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པའི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་དང་། ཁོང་གི་ལོ་རྒྱུས་ཀྱི་བྱས་འབྲས་རྣམ་མི་རྣམས་ཀྱི་སེམས་ལ་བརྟན་པོར་ངེས་སྲིད་ངེས་ཡིན། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་འཇར་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་སྐད་ཆ་བཤོད་རེས་དང་མཉམ་ལས་ཀྱི་ཆེད་འབད་པ་དོན་དུ་གཉེར་གནང་བ་དང་། ཀྲུང་འཇར་འབྲེལ་བ་གོང་འཕེལ་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་མ་ཟད། ཀྲུང་གོའི་མི་དམངས་ཀྱིས་མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་དང་གཟིགས་ཚུལ་གསུང་གནང་ཡོད། ཀྲུང་གོའི་མི་དམངས་ཀྱིས་གྲོགས་པོ་རྙིང་པ་བརྗེད་མི་སྲིད་ཅེས་གསུང་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་འཇར་མི་དམངས་ཀྱི་མཛའ་གྲོགས་ལ་བརྩི་མཐོང་བྱེད་བཞིན་པ་དང་འཇར་མན་ཕྱོགས་དང་ལྷན་དུ་ཐུན་མོང་ཐོག་ཀྲུང་འཇར་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུང་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་དེར་ཡང་འཇར་མན་གྱི་དེ་སྔའི་ཙུང་ལི་ཁོའར་སྟབས་མི་ལེགས་པར་སྐུ་གཤེགས་པའི་ཐད་འཇར་མན་གྱི་ཙུང་ལི་མོ་ཁེར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་། ཀྲུང་གོའི་སྲིད་གཞུང་ཚབས་དང་རང་ཉིད་མི་སྒེར་གྱི་མིང་ཐོག་ནས་སྐུ་ཞབས་ཁོའར་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས་གནང་བ་རེད།

ལི་ཁེ་ཆང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་། སྐུ་ཞབས་ཁོའར་ནི་འཇར་མན་གྱི་ཕུལ་དུ་བྱུང་བའི་དབུ་ཁྲི་མི་སྣ་ཞིག་ཡིན་ལ། ཀྲུང་འཇར་འབྲེལ་བར་སྐུལ་འདེད་གང་ལེགས་གཏོང་མཁན་དང་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡང་ཡིན་པས། ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད་པས་ང་ཚོས་དེ་དོན་བརྗེད་མི་སྲིད་ཅེས་དང་།

ལི་ཁེ་ཆང་གིས། འཇར་མན་ནི་ཡོ་རོབ་གླིང་དུ་ཡོད་པའི་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་འཐོབ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་བྱས་པའི་འོག་ལ། ཀྲུང་འཇར་འབྲེལ་བ་དང་མཛའ་གྲོགས་ལ་དེ་བས་ཆེ་བའི་གོང་འཕེལ་འཐོབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུང་ཡོད་པ་རེད།

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།