ཀྲང་ཀོ་ལི་ཡིས་ཧིན་རྡུ་ནི་ཤེ་ཡའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ། རྒྱ་མཚོའི་གཅིག་བསྒྱུར་འཆར་འགོད་པུའུ་ཀྲང་ལུའུ་ཧུའུ་ཐེ་དང་མཇལ་འཕྲད་གནང་བ་རེད།
སྤེལ་བའི་དུས་ཚོད། : 2017-06-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལི་ཡིས་སྤྱི་ཚེས་༡༦ཉིན་ཀྲུང་ནེ་ཧའེ་ཡི་ཙེ་ཀོང་ཀེ་ཚོམས་ཆེན་དུ་ཧིན་རྡུ་ནི་ཤེ་ཡའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ། རྒྱ་མཚོའི་གཅིག་བསྒྱུར་འཆར་འགོད་པུའུ་ཀྲང་ལུའུ་ཧུའུ་ཐེ་དང་མཇལ་འཕྲད་གནང་བ་རེད།

ཀྲང་ཀོ་ལི་ཡིས། ཀྲུང་གོ་དང་ཧིན་རྡུ་ནི་ཤེ་ཡ་ནི་མཛམ་མཐུན་ཁྱིམ་ཚེས་རྒྱལ་ཁབ་ཡིན་པ་དང་། ཉེ་བའི་ལོའི་ནང་རྒྱལ་ཁབ་གཉིས་པོས་ཧུར་བརྩོན་ཆེན་པོས་འཕེལ་རྒྱས་ཐབས་ཇུས་སྦྲེལ་མཐུད་བྱས་ཤིང་། ཕྱོགས་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་ནས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ཕན་ཚུན་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། དོན་ངོ་མའི་ཐོག་ནས་མཉམ་ལས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་དང་། ཕྱོགས་གཉིས་པོས་གཟབ་ནན་ངང་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱི་གཅིག་མཐུན་བསམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་རྒྱུ་དེས་གཙོ་ཐིག་བྱས་ནས། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་ཁྱབ་ཁོངས་ཁག་ནང་དོན་ངོ་མའི་ཐོག་ནས་མཉམ་ལས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཅ་ག་ད་ནས་དབན་ཤང་བར་གྱི་མྱུར་མགྲོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་པ། སྔར་ལས་མང་བའི་རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་རྣམ་གྲངས་གཉེར་བར་གྲོས་མོལ་བྱས་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པའི་མཉམ་ལས་ཀྱི་ཆུ་ཚད་གོང་མཐོར་བཏང་ཡོད་ཅེས་གསུངས་པ་རེད།

ལུའུ་ཧུའུ་ཐེས། ཧིན་རྡུ་ནི་ཤེ་ཡའི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཧུར་ཐག་ངང་བཞུགས་ཏེ་ཀྲུང་གོའི་ཕྱོགས་དང་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཉོ་འཚོང་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་སྟེ། མཉམ་ལས་མཉམ་བརྒལ་མངོན་འགྱུར་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།