ཀྲང་ཏེ་ཅང་གིས་དཔལ་ཨུ་རུ་སུར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། དཔལ་ཨུ་རུ་སུའི་རྒྱལ་དམངས་གྲོས་ཚོགས་སྤྱི་མཐུན་རྒྱལ་ཁབ་ཁང་གི་ཀྲུའུ་ཞི་མི་ཡ་སི་ཉི་ཁེ་ཝེ་དང་འཐུས་ཚབ་ཁང་གི་ཀྲུའུ་ཞི་ཨན་ཏེ་ལས་ཆིན་ཁེའི་གདན་ཞུས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་སྤྱི་ཚེས་16ཉིན་ནས་18ཉིན་བར་དཔལ་ཨུ་རུ་སུར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་ཞིང་། མིང་སེ་ཁེར་ཁག་སོ་སོར་ཙུང་ཐུང་ལུའུ་ག་ཧྲེན་ཁེ་དང་ཙུང་ལི་ཁེ་བི་ཡ་ཁེ་ཧྥུ་དང་མཇལ་འཛོམས་གནང་བ་དང་། མི་ཡ་སི་ཉི་ཁེ་ཝེ་ཆི་དང་ཨན་ཏེ་ལེ་ཆིན་ཁེ་དང་གྲོས་མོལ་གནང་ཡོད་པ་རེད།

དང་ཐོག་ཀྲང་ཏེ་ཅང་གིས་ཙུང་ཐུང་ལུའུ་ཁ་ཧྲེན་ཁེར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། ཀྲང་ཏེ་ཅང་གིས་ཀྲུང་གོའི་ཕྱོགས་ནས་དཔལ་ཨུ་རུ་སུ་ཕྱོགས་དང་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་རོགས་ལས་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ཀྱི་མཛའ་གྲོགས་འཕེལ་རྒྱས་གཏོང་བ། ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་ཁེ་ཕན་དང་ལས་དབང་ཐུན་མོང་མ་ལག་འཛུགས་འདོད་ཡོད་ཅེས་བསྟན་ཡོད། ལུའུ་ཁ་ཧྲེན་ཁེས་ཀྲང་ཏེ་ཅང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་མཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་པ་དང་། དཔལ་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ། མ་འཇོག་དང་དངུལ་རྩ། ཡུལ་སྐོར་སོགས་ཐད་ཀྱི་མཉམ་ལས་རྒྱ་ཆེ་རུ་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཙུང་ལི་ཁེ་ལུའུ་ཡ་ཁེ་ཧྥུ་དང་མཇལ་འཛོམས་གནང་སྐབས། ཀྲང་ཏེ་ཅང་གིས། ཀྲུང་གོའི་ཕྱོགས་ནས་དཔལ་ཨུ་རུ་སུ་དེ་ཉིད་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གལ་ཆེའི་མཉམ་ལས་རོགས་པར་བརྩི་གི་ཡོད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་གི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་དུས་མཉམ་དུ་མཐོ་རུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་དང་། ཁེ་བི་ཡ་ཁེ་ཧྥུས། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་བསམ་འདུན་ཡིན་པས། དཔལ་ཨུ་རུ་སུ་ཕྱོགས་ནས་བཟོ་ལས་གླིང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མཐོ་གསར་ལག་གསར་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཀྱི་མ་འཇོག་དང་ཉོ་ཚོང་བྱེད་ཚད་ཆེ་རུ་བཏང་ནས། ཕྱོགས་གཉིས་པོའི་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཡོང་རྒྱུར་ཁོར་ཡུག་ཡག་པོ་སྐྲུན་འདོད་ཅེས་བསྟན་ཡོད་པ་རེད།

ཀྲུའུ་ཞི་མི་ཡ་སི་ཉི་ཁེ་ཝེ་ཆི་དང་ཀྲུའུ་ཞི་ཨན་ཏེ་ལ་ཆིན་ཁེ་དང་གྲོས་མོལ་གནང་སྐབས། ཀྲང་ཏེ་ཅང་གིས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ནི་ཀྲུང་གོ་དང་དཔལ་ཨུ་རུ་སུའི་མཛའ་གྲོགས་བྱ་གཞག་གི་སྲ་ཞིང་བརྟན་པའི་རྒྱབ་སྐྱོར་བྱེད་མཁན་དང་འཛུགས་སྐྱོང་ཧུར་ཐག་བཻཡད་མཁན་ཞིག་ཡིན་པས། ཕྱོགས་གཉིས་པོས་མཉམ་ལས་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་དང་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད། མི་ཡ་སི་ཉི་ཁེ་ཝེ་ཆི་དང་ཨན་ཏེ་ལེ་ཆིན་ཁེ་རྣམ་གཉིས་ཀྱིས། དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁྲོད་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་གལ་ཆེའི་སྐུལ་འདེད་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།