ཞི་ཅིན་ཕིང་གིས་བློ་མཐུན་ལེའོ་ཅིན་པོ་ཡི་སྔོན་ཐོན་བྱས་རྗེས་ཐད་གནང་བའི་གལ་ཆེའི་འཛུབ་སྟོན་ལ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ལན་ཆ་བཟང་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་ནན་ཕིང་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གྲོང་སྤྱི་གཞོན་པ། ཝུ་དབྱི་གསར་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ་བཅས་ཡིན་པའི་བློ་མཐུན་ལེའོ་ཅུན་པོ་ཡི་སྔོན་ཐོན་བྱས་རྗེས་ཐད་གལ་ཆེའི་མཆན་བཀོད་འཛུབ་སྟོན་གནང་ཡོད། ཀྲུང་དབྱང་རྩ་འཛུགས་པུས་ཆེད་མངགས་བརྡ་ཐོ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཞི་ཅིན་ཕིང་གི་གལ་ཆེའི་འཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། བློ་མཐུན་ལེའོ་ཅུན་པོ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཆེར་གཉེར་དགོས་པའི་བླང་བྱ་བཏོན་གནང་ཡོད་པ་རེད།

ལེའོ་ཅུན་པོ་ཡི་སྔོན་ཐོན་བྱས་རྗེས་གསར་འགྱུར་ལས་རིགས་ནས་གནས་ཚུལ་སྤེལ་རྗེས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད་པ་དང་། ཚང་མས། ལེའོ་ཅིན་པོ་ནི་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅི་ཞེས་པའི་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་ཡིན་པ་དང་། འབད་བརྩོན་ཆེན་པོས་ཁོང་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། སེམས་པ་མང་ཚོགས་ལ་བཅངས་པ། རང་ཉིད་རྟིང་བརྗེད་ཀྱིས་ལས་དོན་གྲུབ་པ། སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཕུལ་བྱུང་གི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་པ་དང་། གང་ནུས་ཅི་གྲུབ་ཀྱིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དང་མང་ཚོགས་ཁྲོད་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་འཛུབ་སྟོན་ཁྲོད། ལེའོ་ཅིན་པོ་ཡི་སྔོན་ཐོན་བྱས་རྗེས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། དུས་རབས་གསར་པའི་འོག་གི་ཏང་ཡོན་དང་ལས་བྱེད་པར་ཡོད་དགོས་པའི་བསམ་བློ་ཀུན་སྤྱོད་དང་བསམ་པའི་ཉམས་འགྱུར་གཏིང་ཟབ་བཏོན་ཡོད་པ་རེད།

ཤིན་ཅང་ཧྥུ་ཧའེ་རྫོང་ཐོ་ཞ་ལ་ཝུ་དབྱི་གྲོང་ཚོའི་ཏང་ཡོན་རྒན་གྲས་པ་སུའུ་ལི་ཐན་དང་། ཉིང་ཞ་རང་སྐྱོང་ལྗོངས་ཝུ་ཀྲུང་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཧྲེ་ལའི་ཡིས། དངོས་པོ་ཚང་མའི་ཐད་མང་ཚོགས་ཀྱི་ཁེ་ཕན་མི་བརྗེད་པ་དང་། བྱ་སྤྱོད་ཚང་མའི་ཐད་ཏང་གི་དམིགས་འབེན་མི་བརྗེད་པ་བྱེད་དགོས། ལེའོ་ཅུན་པོ་ཡིས་བརྩེ་དུང་དངོས་དང་ལྷག་བསམ། བྱ་བ་དངོས་གྲུབ་པ་བཅས་ཀྱི་ཐོག་ནས་མི་དམངས་ལ་ཞབས་ཞུ་ཞུ་བའི་རྩ་བའི་དམིགས་འབེན་གྲུབ་ཐུབ་པ་གནང་ཡོད་ཅེས་བསྟན་ཡོད།

ཧ་ནན་ཞིང་ཆེན་ཐོང་ཞུད་རྫོང་ཨུད་ཀྱི་ཧྲུའུ་ཅི་ལུ་ཡུན་གྱིས། གཞི་རིམ་དུ་གཞི་ཚུགས་པ་དང་དམ་པ་དོན་གཉེར་བྱེད་ཀྱི་ཡོད། མེ་ཤིང་འཐུ་མཁན་ཞེས་པ་ནི་ལེའོ་ཅུན་པོ་ཡི་འཕྲིན་ཕྲན་གྱི་མིང་ཡིན་པ་དང་། ཁོང་གིས་འགན་འཁྲི་གང་ལེགས་འཁུར་བ་དང་། རང་ཉིད་རྟིང་བརྗེད་ཀྱིས་ལས་དོན་གྲུབ་པའི་ལས་བཀུར་གྱི་སྙིང་སྟོབས་ལ་བརྟེན་ཏེ། དུས་རབས་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་ཞིག་གཏོད་ཡོད་ཅེས་བསྟན་ཡོད།

ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཧྲེ་ཤོག་བཞི་པའི་ཁེ་ཁེ་ཏ་ལ་གྲོང་ཨུད་ཀྱི་རྩ་འཛུགས་པུའི་ཝང་ཝེ་ཡིས། ས་ཆ་དངོས་སུ་འགྲོ་ཐུབ་ཚེ་ཚོགས་རྭར་མི་འགྲོ་བ་ནི་ལེའོ་ཅུན་པོ་ཡི་བྱ་སྤྱོད་ཕྱོགས་སྟོན་ཞིག་ཡིན་པ་དང་། དེས་ཁོང་གི་བྱ་བཞག་བསམ་བློ་མངོན་གྱི་ཡོད་ཅེས་བསྟན་ཡོད་པ་རེད།

བོད་ལྗོངས་ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཀྲང་ཏིང་ཁྲེང་དང་། སི་ཁྲོན་ཡན་ཡོན་རྫོང་དབུལ་གྲོལ་འགག་གཏོར་བཀོད་འདོམས་པུའི་ཆིའུ་ཧོང་གིས། ལས་བྱེད་པ་ནི་ལས་ཀ་བྱས་ནས་བྱུང་བ་ཞིག་ཡིན་པ་དང་། བྱ་བཞག་ནི་འབད་བརྩོན་བྱས་ནས་བྱུང་བ་ཞིག་ཡིན། མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་གྲོལ་ཕྱུག་འགྱུར་ཡོང་བ་བྱེད་པར་ཞི་བའི་དཔོན་རིགས་དང་། བྱས་རྗེས་མེད་པའི་དཔོན་རིགས། ཁ་བཤད་ཁོ་ན་བྱེད་མཁན་དཔོན་རིགས་བཅས་གཏན་ནས་བྱེད་རྒྱུ་མེད་ཅེས་བསྟན་ཡོད་པ་རེད།

ཧྥུ་ཅན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ། དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཝུ་པིན་དང་། ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཧུའེ་ཀྲུང་གིས། དབུལ་གྲོལ་འགག་གཏོར་བྱེད་པར་སྔོན་ལ་བློ་ཐག་གཅོད་དགོས་པ་དང་། ལས་དོན་གྲུབ་པ་དང་བྱ་བཞག་གསར་སྐྲུན་བྱེད་པར་སྔོན་ལ་མི་སེམས་ཐོབ་པ་བྱེད་དགོས། ལེའོ་ཅུན་པོ་ལྟར་རང་ཉིད་ནས་མིག་དཔེ་འདོན་པ་དང་། ལྷག་བསམ་ལ་བརྟེན་ནས་མི་སེམས་འགུལ་བ་བྱས་ཚེ། གཞི་ནས་ཏང་ཡོན་ལས་བྱེད་པས་ང་ལ་བྱེད་དགོས་ཟེར་བ་ནས་ང་རང་ནས་བྱ་རྒྱུ་ཡིན་ཟེར་བར་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

སློབ་སྦྱོང་བྱེད་པའི་ཁྲོད་ཐོག་མའི་ཕུགས་བསམ་བརྟན་པོ་འཛུགས་པ་དང་། ལས་དོན་གྲུབ་པའི་ཐད་མིག་དཔར་ལྟ་དགོས། ནན་ཕིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་དབྱིས་ཀྱིས། ལེའོ་ཅིན་པོ་ལ་སློབ་སྦྱོང་བྱེད་པ་སོགས་སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས། ཏང་ཡོན་ལས་བྱེད་པས་མིག་དཔེའི་སྔོན་ཐོན་ལ་ལྟ་བ་དང་། ཤེས་ཡོན་ལྡན་པའི་མི་སྣ་དང་བསམ་བློ་གཅིག་མཐུན་བྱེད་པ། རང་དཔེ་གཞན་སྟོན་བྱེད་པ། དཔེ་བཟང་བརྩོན་ལེན་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཧུའུ་ནན་ལིའུ་ཡང་གྲོང་ཁྱེར་དང་། ཧ་པེ་ཧ་ཅན་རྫོང་། ཁྲོང་ཆིང་ཏན་ཅང་རྫོང་སོགས་ཀྱིས་བློ་མཐུན་ལེའོ་ཅིན་པོ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་ནས། མང་ཚོགས་ནས་མོས་པོ་བྱེད་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་ཞེས་པ་དང་། མིག་དཔེར་ལྟ་བ་དང་། ཚད་ལོན་གྱི་ཏང་ཡོན་བྱེད་ཞེས་པ་སོགས་བྱེད་སྒོ་སྤེལ་ཡོད་པས། ལེའོ་ཅིན་པོ་ལ་སློབ་སྦྱོང་བྱེད་པ་དང་། ཚད་ལོན་གྱི་ཏང་ཡོན་བྱེད་པའི་མཐོ་རླབས་མགྱོགས་མྱུར་འཕྱུར་ཡོད་པ་དང་། འབད་བརྩོན་ཆེན་པོས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གསར་པར་བརྟེན་ནས་ཏང་གི་ཚོགས་ཆེན་༡༩པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། དབང་འདུས།