འུར་རྡོ་དང་རྡོ་འགྱོག་སོཊ་མི་རིཊ་ལུས་རྩལ་འགྲན་ཚོཊ་ཐོག་སླེབས་འདུག
སྤེལ་བའི་དུས་ཚོད། : 2019-09-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

     བོད་ལྗོངས་འཐུས་མི་ཚོགས་པའི་ངོས་ནས་བཤད་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་བོད་ལྗོངས་རུ་ཁག་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སྐབས་ཤིག་ཡིན་པ་དང་། སྤྱི་ཟླ་7པའི་ཚེས་12ཉིན་ཧུའུ་ཧེ་ཧའོ་ཐེའི་ཡན་ལག་ཚོགས་རར་གཉེར་བའི་རྟ་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་གཅིག་དང་། དངུལ་གྱི་རྟགས་མ་གསུམ། ཟངས་ཀྱི་རྟགས་བཞི་བཅས་ཐོབ་པ་དང་། དེ་ནི་དགའ་འོས་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན།

ཞི་ཅིན་ཕིང་གི་སྐུ་པར་བསྣམས་པའི་བོད་ལྗོངས་རུ་ཁག་གི་ལུས་རྩལ་པ།

 

    བོད་ལྗོངས་འཐུས་མི་ཚོགས་པར་ཁྱོན་མི་གྲངས་419ཡོད་པ་དང་། དེ་ལས་ཀྲེན་ཀྲོའུ་ཚོགས་ར་གཙོ་བོར་མི་གྲངས་358དང་། ཧུའུ་ཧེ་ཧའོ་ཐེའི་ཡན་ལག་ཚོགས་རར་མི་གྲངས་61ཞུགས་ཡོད། སྐབས་འདིའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་འཐུས་མིས་སྐབས་གོང་མའི་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག་གི་རྣམ་གྲངས་6གི་རྨང་གཞིའི་ཐོག་མཐོ་རྐང་རྒྱུག་འགྲན་དང་། པང་ལྷམ་རྒྱུག་འགྲན། རྐང་འབུད་སྤོ་ལོ། ཧཱ་ཕོ། མུ་ཏིག་སྤོ་ལོ། ཐེ་པད་སྤོ་ལོ་བཅས་རྣམ་གྲངས་6གསར་སྣོན་བྱས་ཡོད་པ་མ་ཟད། འཕང་ལོ་འགྲན་སྡུར་སླར་ཡང་ཞུགས་ཡོད། གཟིགས་འབུལ་རྣམ་གྲངས་ཐད་སྐབས་གོང་མའི་འགྲན་སྡུར་རྣམ་གྲངས་ཐོག་རྡོ་སྐོར་དང་། བྱང་མཁན་ཐག་ཤུད། འུར་རྡོ། བོད་ཀྱི་མིག་མངས་བཅས་རྣམ་གྲངས་5གསར་སྣོན་བྱས་ཡོད་པས། བོད་ལྗོངས་ཀྱི་ལུས་རྩལ་པ་རྣམས་ཀྱིས་རྒྱལ་ཡོངས་འགྲན་རའི་ནང་ནུས་ཤུགས་ཡོད་རྒུ་བཏོན་ནས་གྲུབ་འབྲས་བཟང་པོ་བླངས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་ཕུལ་ཡོད།

     སྤྱི་ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་8པའི་ཐོག རྒྱལ་ཡོངས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་གཟིགས་འབུལ་འཁྲབ་སྟོན་རྣམ་གྲངས་ཀྱི་རེས་འཁོར་གཉིས་པའི་འགྲན་སྡུར་དེ་དངོས་སུ་འགོ་ཚུགས་པ་དང་། བོད་ལྗོངས་རུ་ཁག་གིས་གཟིགས་འབུལ་ཞུས་པའི་རྡོ་གོར་དང་། བྱང་མཁན་ཐག་བཞུད། འུར་རྡོ་སོགས་དང་གཞན་མི་རིགས་ཁག་གི་འཐུས་མི་ཚོའི་ངོ་མཚར་འཁྲབ་སྟོན་ལ་གཟིགས་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད།

བོད་ལྗོངས་རུ་ཁག༼རྡོ་འགྱོག༽

 

བོད་ལྗོངས་རུ་ཁག༼འུར་རྡོ།༽

 

བོད་ལྗོངས་རུ་ཁག ༼བྱང་མཁན་ཐག་ཤུད། ༽

 

བོད་ལྗོངས་རུ་ཁག ༼རྡོ་སྐོར།༽

 

ཧུའུ་པེ་རུ་ཁག༼སྨྱུག་རྐང་སྤོ་ལོ།༽

 

ཤིན་ཅང་རུ་ཁག༼བར་སྣང་འཁོར་ལོ།༽

 

ཤིན་ཅང་རུ་ཁག༼མའེ་རེ་སྤོ་ལོ།༽

 

ནང་སོག་རུ་ཁག ༼མདའ་འཕྲོག༽

 

ཤིན་ཅང་རུ་ཁག ༼བར་སྣང་ཐག་བསྐྱོད།༽

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

གསར་འགོད་པ། བསྟན་པ་ཚེ་རིང་། སྒྲོལ་མ་ཚེ་རིང་།

རྩོམ་སྒྲིག་འགན་ཁུར་བ། མིག་དམར་རྒྱལ་པོ།