ཧུའུ་ནན་ནས་ཁྲིམས་འགལ་གྱི་ན་གི་འཚོང་འགྲེམ་གྱོད་གཞི་ཞིག་རྩད་ཆོད།
སྤེལ་བའི་དུས་ཚོད། : 2018-11-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

སྤྱི་ཟླ་11ཚེས་6ཉིན། ཧུའུ་ནན་ཞིང་ཆེན་ནགས་ལས་ཅུས་ཀྱིས“4.26”རྒྱུད་ཆད་ལ་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་དེ་ལས་བཟོས་པའི་ཐོན་རྫས་ཉོ་སྒྲུབ་དང་། སྐྱེལ་འདྲེན། འཚོང་བའི་ཚབས་ཆེའི་ཁྲིམས་འགལ་གྱོད་གཞིའི་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། གྱོད་གཞི་དེའི་ནང་ཉེས་དོན་བཀག་ཉར་བྱས་པའི་ཉེས་མི་དོགས་ཅན129ཡོད་པ་དང་། ན་གི་216དང་ན་གིའི་ཁྲབ་བྱང་སྤྱི་རྒྱ་66 གཙོད་རྭ་20 ད་དུང་རི་སྐྱེས་སྲོག་ཆགས་དང་དེའི་པགས་པས་བཟོས་པའི་ཐོན་རྫས་མང་པོ་སྡུད་ལེན་བྱས། བཙོག་དངུལ་སྒོར་ཁྲི་1800ལྷག་བཀག་ཉར་བྱས་ཡོད། འཛིན་བཟུང་གི་བྱ་སྤྱོད་སྤེལ་ཏེ་ཕྱི་རོལ་ནས་ཀོང་ཞི་རུ་ལྐོག་འདྲེན་བྱས་པ་དང་། ཀོང་ཞི་ནས་ཀོང་ཀྲོའུ་གྲོང་ཁྱེར་དུ་དབོར་བ། དེ་ནས་ཀོང་ཀྲོའུ་གྲོང་ཁྱེར་ནས་རྒྱལ་ཡོངས་སུ་ཁྲིམས་འགལ་གྱི་ན་གི་འཚོང་འགྲེམ་དྲ་བ་ཞིག་གཏོར།

 

ཡོང་ཁུངས། མི་དམངས་དྲ་བ།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། བསོད་ཚེ།