ཉི་ཧོང་གོང་མའི་སྲས་མོ་མཱ་ཁོ་འབྲུག་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་པ།
2017-06-03 12:52:00
|
0

སྤྱི་ཟླ་༦པའི་ཚེས་༡ཉིན། ཉི་ཧོང་གོང་མའི་སྲས་མོ་མཱ་ཁོ་འབྲུག་རྒྱལ་ཁབ་ཀྱི་སྤ་རོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ།

འབྲུག་གི་སྲས་མོ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་ལགས་ཀྱིས་ཧི་ཧོང་གོང་མའི་སྲས་མོ་མཱ་ཁོར་བསུ་མའི་ཁ་བཏགས་འབུལ་བཞིན་པ།

ཉི་ཧོང་གོང་མའི་སྲས་མོ་མཱ་ཁོ་འབྲུག་རྒྱལ་ཁབ་ཏུ་འཚམ་འདྲིར་ཕེབས་དོན་ནི་རྒྱལ་ཁབ་གཉིས་པོའི་མཛའ་བརྩེའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད་ཡིན།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འཚམས་འདྲི་ནི་ཁོང་གཅིག་པུ་རྒྱལ་ཕྱིར་འཚམས་འདྲིར་ཕེབས་ཐེངས་གསུམ་པ་དེ་ཡིན་ལ། ཁོང་དང་རྒྱལ་སྤྱིའི་ཡེ་ཤུ་ཆོས་ལུགས་སློབ་ཆེན་གྱི་སློབ་གྲོགས་བར་གཉེན་རྟགས་བརྒྱབ་རྗེས་རྒྱལ་ཕྱིར་འཚམས་འདྲིར་ཕེབས་ཐེངས་ཐོག་མ་དེའང་ཡིན།

སྤྱི་ཟླ་༦པའི་ཚེས་༢ཉིན། འབྲུག་གི་རྒྱལ་ས་ཐེམ་ཕུ་རུ་ཉི་ཧོང་གོང་མའི་སྲས་མོ་མཱ་ཁོ་བཀྲ་ཤིས་ཆོས་རྫོང་དུ་ཕེབས་ཏེ་འབྲུག་རྒྱལ་པོ་གེ་སར་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་དང་རྒྱལ་མོ་རྗེ་བཙུན་པདྨ་ཟུང་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

མཱ་ཁོ་ཡིས་ཧི་ཧོང་གི་སྲོལ་རྒྱུན་གྱི་ཕྱུ་པ་གྱོན་ཡོད་པ།

གཤིས་འཇམ་སྤྱོད་བཟང་གི་རྣམ་པ།

སྤྱི་ཟླ་༦ཚེས་༡ཉིན། ལོ་༢༥ཡིན་པའི་ཉི་ཧོང་གོང་མའི་སྲས་མོ་མཱ་ཁོ་འབྲུག་རྒྱལ་ཁབ་ཀྱི་སྤ་རོ་གནམ་ཐང་དུ་འབྱོར་ནས་དུས་ཡུན་ཉིན་༩རིང་གི་འཚམས་འདྲི་བྱ་བའི་མགོ་བརྩམས། སྤ་རོ་གནམ་ཐང་དུ་འབྲུག་གི་སྲས་མོ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་ལགས་ཀྱིས་བསུ་མ་བྱས་ཤིང་ཁ་བཏགས་ཕུལ།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། བསྟན་འཛིན།

   མདུན་ངོས་སུ་ལོག་པ།