བློ་མཐུན་ཙོའུ་ཅ་ཧྭ་སྐུ་བལྟམས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲའོ་ལེ་ཅི་ཚོགས་འདུར་ཞུགས་པ།
2026-09-30 09:53:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བློ་མཐུན་ཙོའུ་ཅ་ཧྭ་སྐུ་བལྟམས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ་9ཚེས་29ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
བློ་མཐུན་ཙོའུ་ཅ་ཧྭ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་སེམས་དཀར་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་གཞོན་པ། སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་ཙོའུ་ཅ་ཧྭ་ཡི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་དྲན་གསོ་ཞུས་པ་དང་། ཁོང་གི་དད་སེམས་བརྟན་པོ་དང་ཏང་ལ་ལྷག་བསམ་རྣམ་དག་གི་ཆབ་སྲིད་གཤིས་རྒྱུད་དང་། དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ། བློ་རྩ་བརྟན་པོས་སྒྱུར་བཅོས་དང་བྱས་རྗེས་འཇོག་ཕོད་པའི་འབད་འཐབ་སྙིང་སྟོབས། བབ་ཆགས་ཉམས་མེད་དང་རང་གཅུན་ནན་པའི་ཉམས་འགྱུར་བཟང་པོ་བཅས་ལ་སློབ་སྦྱོང་ཞུས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་འབུལ་དགོས་ཞེས་གསུངས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཏིང་ཀྲུང་ལི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོགས་འདུ་མ་འཚོགས་གོང་། ཀྲའོ་ལེ་ཅི་ཡིས་བློ་མཐུན་ཙོའུ་ཅ་ཧྭ་ཡི་གཉེན་ཉེར་ཐུག་འཕྲད་གནང་ཡོད།
















