ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱིས་གྲོང་མིས་ཁང་པ་ཉོ་སྐབས་དངུལ་བུན་གྱི་སྐྱེད་ཀ་གསབ་སློག་བྱ་རྒྱུ་ཡིན་པ།

2026-09-30 09:49:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཟླ་9ཚེས་29ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱིས་ད་ལོའི་ཟླ་10ཚེས་1ཉིན་ནས་བཟུང་གྲོང་མིས་གསར་དུ་འགྲེམ་གཏོང་བྱས་པའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྤྱད་དེ་སྡོད་ཁང་ཉོས་ན་སྐྱེད་ཀ་གསབ་སློག་བྱ་རྒྱུ་ཡིན་པ་དང་། གྲོང་མིའི་སྡོད་ཁང་ཉོ་བའི་མ་གནས་དམའ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་དགོས་ངེས་སྡོད་ཁང་གི་དགོས་མཁོ་སྐོང་རྒྱུར་རྒྱབ་སྐྱོར་དང་དེ་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད། 
ཐེངས་འདིའི་སྐྱེད་ཀ་གསབ་སློག་སྲིད་ཇུས་དེ་དགོས་ངེས་སྡོད་ཁང་དང་པོར་དམིགས་ཏེ། ཁྱིམ་ཚང་ཕལ་བའི་སྡོད་ཁང་འབྲིང་ཆུང་དང་རིན་གོང་ཅུང་དམའ་བའི་སྡོད་ཁང་གསར་དུ་ཉོ་བ་དང་། དུད་ཚང་གཅིག་གིས་ཉོས་པའི་སྡོད་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་120ལས་མི་བརྒལ་བ་དང་ཁང་པ་ཉོ་བའི་རིན་གོང་སྒོར་ཁྲི་150ལས་མི་བརྒལ་བ་ཉོ་མཁན་བཅས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། 
སྐྱེད་ཀ་གསབ་སློག་ལེན་ཆོག་པའི་དངུལ་བུན་མཐོ་ཤོས་སྒོར་ཁྲི་100ཡིན་པ་དང་། ནོར་སྲིད་སྡེ་ཚན་གྱིས་ལོ་རེའི་སྐྱེད་ཚད་ཀྱི་བརྒྱ་ཆའི་གནས་1གི་སྐྱེད་ཀ་གསབ་སློག་བྱ་རྒྱུ་ཡིན་པ་དང་།  མིག་སྔའི་སྡོད་ཁང་དང་པོའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཀའི་ཆུ་ཚད་ལྟར་ན། སྐྱེད་ཀའི་གསུམ་ཆ་གཅིག་ལ་གཟིགས་སྐྱོང་བྱས་པ་དང་འདྲ་མཚུངས་ཡིན་ཞིང་། སྐྱེད་ཀ་གསབ་སློག་བྱེད་པའི་དུས་ཡུན་རིང་ཤོས་ལོ་5ཡིན་པ་རེད། ཚོད་རྩིས་བྱས་པ་ལྟར་ན། དུས་ཡུན་རིང་བའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྒོར་ཁྲི་100ལ་མང་ཤོས་ཡིན་ན་དངུལ་བུན་སྐྱི་མཁན་ལ་ཁྱོན་སྡོམ་སྐྱེད་ཀ་སྒོར་ཁྲི་5ཙམ་ཉུང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད། 
སྲིད་ཇུས་ལག་བསྟར་བྱེད་ཡུན་གནས་སྐབས་རིང་ལོ་གཅིག་གཏན་འཁེལ་བྱས་ཡོད། 

中央广播电视总台 央广网 版权所有

རང་རྒྱལ་གྱིས་གྲོང་མིས་ཁང་པ་ཉོ་སྐབས་དངུལ་བུན་གྱི་སྐྱེད་ཀ་གསབ་སློག་བྱ་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཟླ་9ཚེས་29ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱིས་ད་ལོའི་ཟླ་10ཚེས་1ཉིན་ནས་བཟུང་གྲོང་མིས་གསར་དུ་འགྲེམ་གཏོང་བྱས་པའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་