འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་9ཚེས་28ཉིན་གྱི་སྔ་དྲོ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སློབ་གསོ་པུའུ། ཚན་རྩལ་པུའུ། རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། ཧུའུ་ནན་ཞིང་ཨུད་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་མཉམ་འབྲེལ་ཐོག“དུས་རབས་ཀྱི་མིག་དཔེ”བློ་མཐུན་ཝང་ཅི་ཡི་སྔོན་ཐོན་མཛད་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
བློ་མཐུན་ཝང་ཅི་ནི་རྒྱལ་སྲུང་ཚན་རྩལ་སློབ་ཆེན་རྩིས་འཁོར་སློབ་གླིང་གི་ཞིབ་འཇུག་པ་དང་འབུམ་རམས་པའི་སློབ་དཔོན་ཡིན་ཞིང་། རང་རྒྱལ་གྱི་ཡིད་རྟོན་རུང་ཚད་དང་བདེ་འཇགས་ཀྱི་ཚད་མཐོ་བའི་མཉེན་ཆས་ལག་རྩལ་ཁྱབ་ཁོངས་ཀྱི་གསར་འབྱེད་པ་གཙོ་བོ་ཡིན། ཁོང་གིས་དུས་ཡུན་རིང་པོའི་ནང་དམག་དོན་སློབ་ཁྲིད་ཚན་ཞིབ་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་གནང་གི་ཡོད་པ་དང་། སྙུན་གཞི་ཚབས་ཆེན་ཕོག་པ་དང་ཞབས་གཉིས་ཀ་དཔྱི་རུས་ཀྱི་མཚམས་ནས་གཅོད་པའི་གནས་ཚུལ་འོག སྔར་བཞིན་བློ་རྩ་བརྟན་པོ་དང་སྤྲོ་སྣང་གིས་ཕྱུག་པའི་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་ཞིབ་འཇུག་འགག་སྒྲོལ་གནང་བས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཐོབ་པ་དང་། ཡིད་རྟོན་རུང་ཚད་དང་བདེ་འཇགས་ཀྱི་ཚད་མཐོ་བའི་མཉེན་ཆས་ལག་རྩལ་གྱི་རྐང་འཛིན་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་ཐུབ་ཡོད།
སྙན་ཞུའི་ཚོགས་འདུའི་ཐོག སྙན་ཞུ་ཚོགས་པའི་ཁོངས་མིས་ཁག་སོ་སོར་རང་ཉིད་ཀྱི་མྱོང་བརྒྱུད་དང་ཟུང་འབྲེལ་བྱས་ནས་བློ་མཐུན་ཝང་ཅི་ཡི་སྔོན་ཐོན་མཛད་རྗེས་བརྗོད་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མི་དང་། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི། རྒྱལ་སའི་མཐོ་སློབ་ཀྱི་དགེ་སློབ་དང་ཚན་རྩལ་ལས་དོན་པའི་འཐུས་མི་སོགས་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།