ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.4མངོན་འགྱུར་བྱུང་བ་དང་། འཁོར་སྐྱོད་ཀྱི་རྣམ་པ་བརྟན་པོའི་ངང་ལེགས་སུ་ཕྱིན་པ།

2026-07-23 09:55:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་22ཉིན་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། ཀྲུང་དབྱང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བརྟན་པོའི་ཁྲོད་སྤུས་ཚད་ལེགས་སུ་ཕྱིན་པ་དང་། འཁོར་སྐྱོད་རྣམ་པ་བརྟན་པོའི་ངང་ལེགས་སུ་ཕྱིན་ནས། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་1.4མངོན་འགྱུར་བྱུང་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་4.5འཕར་སྣོན་བྱུང་ཡོད། 
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས། ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ཀྱིས་འགྲན་སློང་སྣ་ཚོགས་དང་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་ཧུར་ཐག་བཅག་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱས་ཡོད། ཚན་རྩལ་འགག་སྒྲོལ་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཀྱི་བཀོད་པ་དང་གྲུབ་ཚུལ་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།  གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱུང་ཡོད་ཅེས་གསུངས་ཡོད། 
ལོ་སྨད་དུ། ཀྲུང་དབྱང་ཁེ་ལས་ཀྱིས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་བཟང་པོ་སྲ་བརྟན་དུ་གཏོང་བ་དང་། གདོད་མའི་གསར་གཏོད་དང་འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་ལ་སྐུལ་འདེད། ཐོན་ལས་བརྗེ་སྒྱུར་རིམ་སྤོར་གཏིང་ཟབ་བྱེད་པར་སྐུལ་འདེད། རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད། ཁེ་ལས་དེ་གའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གཏན་འབེབས་དང་ལག་བསྟར་ཡག་པོ་བྱེད་པ། རེས་སྐོར་གསར་པའི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཇུས་གཞི་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱེད་པར་དམ་འཛིན་ཡག་པོ་བྱེད་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་སེལ་བ། འཐབ་ཇུས་འདེགས་སྐྱོར་གྱི་འགན་ལེན་ནུས་པ་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། 

中央广播电视总台 央广网 版权所有

ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.4མངོན་འགྱུར་བྱུང་བ་དང་། འཁོར་སྐྱོད་ཀྱི་རྣམ་པ་བརྟན་པོའི་ངང་ལེགས་སུ་ཕྱིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་22ཉིན་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར།