ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལོ་སྟོད་ཀྱི་དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་སྣོན་བྱུང་བ་དང་། ཡིད་རྟོན་དངུལ་བུན་གྱི་གྲུབ་གཞི་མུ་མཐུད་ལེགས་འགྱུར་ཐུབ་པ།

2026-07-16 10:32:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ་7ཚེས་15ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་བ་དང་དངུལ་རྩའི་མ་ལག་གིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་བརྟན་པོ་ཡོད་པ་རེད། 
གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་ཡོད། ཟླ་6པའི་ཟླ་མཇུག་ཏུ་ཁྱབ་ཆེའི་དངུལ་ལོར་ལྷག་གྲངས་དུས་མཚུངས་ལས་8.0%འཕར་ནས་འཕར་ཚད་དེ་མིང་ཐོག་གི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཚད་ལས་མུ་མཐུད་མཐོ་བ་ཡོད་པ་རེད། ལོ་སྟོད་དུ་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་10.72གསར་དུ་འཕར་བ་དང་། བུན་འཛིན་གྱི་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་ཁྲི་8.51གསར་དུ་འཕར་བ། བུན་འཛིན་གྱི་མ་དངུལ་བསྡུ་སྒྲིལ་གྱི་བསྡུར་ཚད་མཐོ་རུ་ཕྱིན་པ། དངུལ་རྩའི་མ་ལག་གིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཚད་བརྟན་པོ་ཡིན་པ་རེད། 
སྤྱི་འབོར་འཕར་བ་དང་ཆབས་ཅིག་ལོ་སྟོད་དུ་ཡིད་རྟོན་དངུལ་བུན་གྱི་མ་དངུལ་དེ་བས་མང་བ་ཚན་རྩལ་གསར་གཏོད་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་སོགས་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་ཕྱོགས་ཡོད། ཟླ་6པའི་ཟླ་མཇུག་ཏུ་ཀུན་ཕན་དངུལ་བུན་ཆུང་གྲས་དང་དངུལ་བུན་ཆུང་གྲས་ཀྱི་ལྷག་གྲངས་དུས་མཚུངས་ལས་8.3%འཕར་བ་དང་། བཟོ་ལས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་5.9%འཕར་བ་དེ་གཉིས་ཀ་སྤྱིར་ན་དངུལ་བུན་ཡོངས་ཀྱི་འཕར་ཚད་ལས་མཐོ་བ་ཡོད་པ་རེད། 
སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ལོ་རྒྱུས་ཀྱི་ཆུ་ཚད་ཅུང་དམའ་བར་གནས་ཡོད། ཟླ་6པར་གསར་དུ་སྤྲད་པའི་ཁེ་ལས་ཀྱི་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་3.0%ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་གནས་20ཙམ་དམའ་བ་དང་། གསར་དུ་སྤྲད་པའི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་3.1%ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་དང་སྤྱིར་ན་གཅིག་མཚུངས་ཡིན་པ་རེད། 
ལོ་སྟོད་དུ་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་བརྟན་པོའི་ངང་འཕར་ཡོད། ཟླ་6པའི་ཟླ་མཇུག་ཏུ་མི་དམངས་ཤོག་སྒོར་དང་དངུལ་ལོར་མང་པོ་ཞིག་གི་འཛའ་ཐང་བསྡུར་ཚད་ལོ་གོང་མའི་ཟླ་མཇུག་ལས་4.7%འཕར་བ་དང་། ཨ་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལོ་གོང་མའི་ཟླ་མཇུག་ལས་3%འཕར་ཡོད། དུས་ཡུན་ལོ་10ཡི་རྒྱལ་བུན་གྱི་ཁེ་སྤོགས་ཐོབ་ཚད་1.73%ཡས་མས་སུ་འཁོར་སྐྱོད་བྱེད་ཀྱི་ཡོད་པ་དང་། དངུལ་རྩའི་ཁྲོམ་ར་འཁོར་སྐྱོད་བརྟན་པོ་བྱུང་ཡོད་པ་རེད། 

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

ལོ་སྟོད་ཀྱི་དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་སྣོན་བྱུང་བ་དང་། ཡིད་རྟོན་དངུལ་བུན་གྱི་གྲུབ་གཞི་མུ་མཐུད་ལེགས་འགྱུར་ཐུབ་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ་7ཚེས་15ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར།