ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱིས་གྲོང་གསེབ་གཞུང་ལམ་གྱི་སྤུས་ཚད་མཐོ་གཏོང་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

2026-07-16 10:22:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་སྤྱི་ཟླ་7ཚེས་15ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཤར་ཚུན། རང་རྒྱལ་གྱིས་གྲོང་གསེབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག དོ་དམ་དང་བདག་སྐྱོང་གྲངས་འཛིན་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་གཞུང་ལམ་དེ་ཤར་བགྲོད་ཐུབ་པ་ནས་རིམ་སྤོར་ཐུབ་པའི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། 
ཉིན་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སྤྱིའི་རིང་ཚད་ལ་སྤྱི་ལེ་52ལས་བརྒལ་བའི་གྲོང་གསེབ་ཀྱི་གཞུང་ལམ་ཞིག་སྐྲུན་བཞིན་ཡོད། གཞུང་ལམ་དེ་ནི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དང་ཉེ་འགྲམ་གྱི་གྲོང་རྡལ་གཉིས་དང་སྦྲེལ་ནས་ཡོད། ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཉེ་འགྲམ་གྱི་མང་ཚོགས་6000གི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་ཡིན་པ་མ་ཟད། མཚོ་བསྐོར་ལ་འགྲོ་མཁན་མང་བའི་དུས་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཕྱིན་ནས། ལམ་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་འགྲོ་རྒྱུར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་རེད། 
འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག འདི་ལོ་ནས་བཟུང་གྲོང་གསེབ་གཞུང་ལམ་གྱི་དོ་དམ་བདག་སྐྱོང་ཡང་དུས་གཅིག་ཏུ་རིམ་སྤོར་བྱུང་ཡོད། ཉིང་ཞ་ཡིས་རིག་ནུས་ཞིབ་དཔྱད་ཚད་ལེན་རླངས་འཁོར་སྤྱད་དེ་རྫོང་དང་ཤང་གི་འགྲོ་ལམ་ལ་རང་འགུལ་ཅན་གྱི་བཤར་འབེབས་བྱས་ནས། གས་སྲུབས་དང་རྡིབ་པ་སོགས་ཀྱི་གནས་ཚུལ་ཡོད་མེད་གནད་ལ་འཁེལ་བའི་ངང་དབྱེ་འབྱེད་བྱས་པ་དང་། བདག་སྐྱོང་དོ་དམ་ལ་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། 
འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ལ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་1443ལེགས་གྲུབ་བྱུང་བ་དང་། གཞུང་ལམ་སྤྱི་ལེ་3ཁྲི་4སྟོང་གསར་འཛུགས་དང་བསྐྱར་སྐྲུན་བྱས་པ། བདག་སྐྱོང་ལས་གྲྭ་སྤྱི་ལེ་6ཁྲི་5སྟོང་ལག་བསྟར་བྱས་པ་བརྒྱུད། ཞབས་ཞུའི་ནུས་པ་དང་བདེ་འཇགས་འགན་ལེན་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། །

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱིས་གྲོང་གསེབ་གཞུང་ལམ་གྱི་སྤུས་ཚད་མཐོ་གཏོང་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་སྤྱི་ཟླ་7ཚེས་15ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཤར་ཚུན། རང་རྒྱལ་གྱིས་གྲོང་གསེབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག