ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།

2026-06-25 09:51:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་24ཉིན་གྱི་སྔ་དྲོར་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་14ཡིས་“སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུར་”དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཡོད།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཡོད། 
རྒྱུན་ལས་ཨུ་ཡོན་ལི་ཧོ་ཕིང་གིས་ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ཏེ་རང་རྒྱལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་ལེགས་ཆ་བརྟན་པོ་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད། རྒྱུན་ལས་ཨུ་ཡོན་ཀྲང་ཤིན་ཧའེ་ཡིས་དངོས་ཚན་དཔལ་འབྱོར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད། རྒྱུན་ལས་ཨུ་ཡོན་ལིའུ་ཅ་ཆང་གིས་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། མི་ཐབས་རིག་ནུས་ཀྱི་སྣ་མང་དང་ཐུན་མོང་བཅོས་སྐྱོང་གི་འབྱུང་ཁམས་མགྱོགས་མྱུར་གཏོད་པ་དང་། མཐུན་སྦྱོར་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་ཐབས་རིག་ནུས་ཐོན་ལས་ཚད་ལྡན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་ཚད་ལྡན་གཏོང་དགོས་ཞེས་གསུངས་ཡོད། རྒྱུན་ལས་ཨུ་ཡོན་ལི་ཀྲུང་ཕིང་གིས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ཆེ་རུ་གཏོང་བ་དང་། ཚན་རྩལ་ཞབས་ཞུའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་ཡོད། རྒྱུན་ལས་ཨུ་ཡོན་ཁྲེང་ཧུང་གིས་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་“མཁྲེགས་པའི་སྦྲེལ་མཐུད་”མགྱོགས་སུ་གཏོང་བ། ལྷན་སྦྱོར་ཞབས་ཞུའི་“མཉེན་པའི་སྦྲེལ་མཐུད་”ལ་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོན་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་དགོས་ཞེས་བསྟན་ཡོད།  རྒྱུན་ལས་ཨུ་ཡོན་ལི་ཞའོ་ཕེང་གིས་ཕྱོགས་བསྡུས་འགྲིམ་འགྲུལ་ཟོག་འགྲེམས་དྲ་བ་འཛུགས་སྐྲུན་དང་ཟོག་འགྲེམས་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱ་དགོས་ཞེས་བསྟན་ཡོད། རྒྱུན་ལས་ཨུ་ཡོན་ཞུས་ཞའོ་ལན་གྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། ཕུགས་བརྟན་མ་རྩ་རྒྱ་ཆེར་གཏོང་བ་དང་། རིམ་པ་མང་ཞིང་དུས་ཡུན་རིང་བ། མཐུན་སྦྱོར་ཆེ་བ་བཅས་ཀྱི་མ་རྩའི་རྒྱབ་སྐྱོར་མ་ལག་མགྱོགས་མྱུར་འཛུགས་པ། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་དངུལ་བསྡུ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་ཡོད།  རྒྱུན་ལས་ཨུ་ཡོན་ཧོ་ཀྲི་མིན་གྱིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། གསར་དར་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གསར་དར་ཁྱབ་ཁོངས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། རྒྱུན་ལས་ཨུ་ཡོན་ཁྲེན་ཞའོ་ཕིང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་དུས་རབས་གསར་པའི་“ལས་གྲྭ་ཁྲི་སྟོང་”གི་ཉམས་མྱོང་བེད་སྤྱོད་སྔར་བས་ལེགས་པ་བྱས་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད།  རྒྱུན་ལས་ཨུ་ཡོན་ཐེང་ཧྲུའུ་ཅིང་གིས་ས་ཁོངས་ལས་བརྒལ་བའི་འབྲེལ་མཐུད་རྣམ་པའི་ས་ཁུལ་དེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་བསྐྲུན་ནས་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། རྒྱུན་ལས་ཨུ་ཡོན་ཅང་ཀོང་ཕིང་གིས་ཞབས་ཞུ་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཏེ་ལས་ཞུགས་རྣམ་པ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད།  རྒྱུན་ལས་ཨུ་ཡོན་སུང་ཡ་ཅུན་གྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པ་དང་། གཞི་རིམ་གྱི་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། དམངས་ལ་ཞབས་ཞུ་སྒྲུབ་པའི་སྤུས་ཀ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།  རྒྱུན་ལས་ཨུ་ཡོན་དབྱི་ཅུན་གྱིས་འཛུགས་སྐྲུན་ལས་རིགས་ཁྱོན་ཡོངས་ནས་སྦགས་མེད་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བས་ལེགས་པའི་སྒོ་ནས་རམ་འདེགས་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། རྒྱུན་ལས་ཨུ་ཡོན་ཁུང་ལིང་ཀྲི་ཡིས་ཐའེ་ཝན་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། སྦགས་མེད་ནུས་རྒྱུའི་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། 
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། 

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་24ཉིན་གྱི་སྔ་དྲོར་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་།