ཏུའུ་ཁུའུ་གཞུང་ལམ་ཐོག་རླངས་འཁོར་སླར་གཏོང་བྱས་པ་དང་། ཞབས་ཞུའི་འགན་ལེན་ཁྱོན་ཡོངས་ནས་རིམ་སྤོར་བྱུང་ནས་ཡུལ་སྐོར་བའི་འགྲོ་འོང་སྔར་བས་གོ་རིམ་ལྡན་པ་དང་བློ་བདེ་པོར་གྱུར་བ།
ཏུའུ་ཁུའུ་གཞུང་ལམ་དེ་བྱང་ཤིན་ཅང་ཏུའུ་ཧྲན་ཙི་ནས་ལྷོ་ཁུའུ་ཁྲེ་གྲོང་ཁྱེར་བར་སྲིང་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་561ཙམ་ཡོད་པ་དང་། ཐེན་ཧྲན་རི་བོའི་ལྷོ་བྱང་འཕྲེད་ཀྱིས་བཅད་ཡོད། ལོ་རེའི་ཟླ་10པའི་ཟླ་དཀྱིལ་ནས་ལོ་རྗེས་མའི་ཟླ་5པའི་ཟླ་མཇུག་གམ་ཟླ་6པའི་ཟླ་སྟོད་བར། ཁ་བ་འབབ་པ་དང་ལམ་ངོས་སུ་དར་ཆགས་པ་སོགས་ཀྱི་ཤུགས་རྐྱེན་འོག་དུས་ཚིགས་རང་བཞིན་གྱི་འགྲིམ་འགྲུལ་དོ་དམ་ལག་བསྟར་བྱེད་ཀྱི་ཡོད།
ཟླ་6ཚེས་1ཉིན་གྱི་སྔ་དྲོར། རླངས་འཁོར་ཤར་གཏོང་མཛད་སྒོའི་རེས་སྐོར་གཙོ་གཉེར་ས་ཆ་པ་དབྱིན་པུའུ་ལུའུ་ཁེ་གྲོང་རྡལ་དུ་ཁང་འཁོར་དང་། བྱེས་བགྲོད་རླངས་འཁོར། སྦག་སྦག་བཅས་བརྒྱ་ཕྲག་ཁ་ཤས་ཉི་འོད་དང་བསྟུན་ནས་ཐེན་ཧྲན་རི་བོའི་དབུས་དཀྱིལ་དུ་བསྐྱོད་དེ་ལོ་གཅིག་དུས་གཅིག་གི་ཏུའུ་ཁུའུ་འགྲུལ་བཞུད་ཀྱི་འགོ་ཚུགས་ཡོད།
ད་ལོར་ཏུའུ་ཁུའུ་གཞུང་ལམ་གྱིས་ལམ་རྒྱུད་ཀྱི་རླངས་འཁོར་འཇོག་ས་དང་། གསང་སྤྱོད། གློག་གསོག་ས་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་ལེགས་བཅོས་བྱས་ཡོད། གཞུང་ལམ་རྒྱུད་ཀྱི་ན་ལ་ཐི་དང་། པ་དབྱིན་པུའུ་ལུའུ་ཁེ། ཁུའུ་ཁྲེ་སོགས་ས་ཚིགས་གལ་ཆེན་ཚང་མར་གློག་གསོག་ས་བཀོད་སྒྲིག་བྱས་ཡོད་པ་རེད། འཁོར་སྐྱོད་བདག་སྐྱོང་མི་སྣས་སྔ་སྣུར་ཐོག་གློག་ཤུགས་སྒྲིག་བཀོད་ལ་སྐོར་ཞིབ་བྱས་ཏེ། གློག་གསོག་སྒྲིག་བཀོད་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་ཀྱི་ཡོད། རྒྱལ་ཁབ་གློག་དྲའི་པ་ཀྲོའུ་གློག་འདོན་ཀུང་སིའི་པ་དབྱིན་པུའུ་ལུའུ་ཁེ་གློག་འདོན་ཁང་གི་ལས་དོན་མི་སྣ་ཡུན་ཧའོ་ཡིས་ད་ལོ་ཏུའུ་ཁུའུ་གཞུང་ལམ་ཤར་གཏོང་མ་བྱས་གོང་ང་ཚོས་གཙོ་གནད་ཐོག་ཁོངས་གཏོགས་ཁུལ་གྱི་གློག་སྐུད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་ཡིན། རླངས་འཁོར་སླར་གཏོང་བྱས་རྗེས་ད་དུང་མུ་མཐུད་དུ་འཁོར་སྐྱོད་ཐད་ལྟ་ཞིབ་ཚད་ལེན་བྱས་ཏེ་གློག་ཤུགས་བརྟན་པོའི་ངང་མཁོ་འདོན་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
ཏུའུ་ཁུའུ་གཞུང་ལམ་དེ་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་རི་ཁུལ་དུ་ཡོད་པས་གནམ་གཤིས་འགྱུར་ལྡོག་ཆེ་ཞིང་ས་གཤིས་གནོད་འཚེ་ཐོན་པའི་ཉེན་ཁ་ཅུང་ཆེན་པོ་ཡོད། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་བཙུགས་ཡོད་པ་དང་། འགྲོ་ལམ་ཐོག་ཐོལ་བྱུང་གནས་ཚུལ་ཐོན་ཚེ་རུ་ཁག་དེས་མགྱོགས་མྱུར་རོགས་སྐྱོབ་བྱེད་ཆོག་གི་ཡོད། ཏུའུ་ཧྲན་ཙེ་ཐེན་ཧྲན་རི་བོའི་རོགས་སྐྱོབ་རུ་ཁག་གི་རུ་དཔོན་ཧྭ་ཏའོ་ཝུའེ་ཡིས་ང་ཚོས་བྱེད་ཐུབ་པའི་རོགས་རམ་ནི་འཕྲལ་སྡོམ་རོགས་སྐྱོབ་དང་། འཕྲལ་སྡོམ་མྱུར་སྐྱོབ། མི་ཆོས་རོགས་སྐྱོར་བཅས་ཡིན། ང་ཚོས་རོགས་རམ་བྱེད་དགོས་ཚེ་ང་ཚོར་འབྲེལ་བ་བྱས་ཆོག་ཅེས་བརྗོད་ཡོད།
མིག་སྔར། ཤིན་ཅང་ཁུའེ་ཐུན་གྲོང་ཁྱེར་དང་ཁུའུ་ཁྲེ་གྲོང་ཁྱེར་འབྲེལ་མཐུད་བྱས་པའི་G3033ཁུའེ་ཏུའུ་ཁུའུ་མྱུར་བགྲོད་གཞུང་ལམ་སོགས་གཙོ་གནད་ལས་གྲྭ་སྐྲུན་བཞིན་ཡོད་པ་དང་། ཏུའུ་ཁུའུ་གཞུང་ལམ་གྱི་ལམ་དུམ་ཁག་གཅིག་ནི་ཨར་ལས་བྱེད་རིང་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་བྱེད་པའི་བགྲོད་ལམ་གཙོ་བོ་དེར་གྱུར་ཡོད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གཞུང་ལམ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲུའོ་ཅན་ཡུས་ཀྱིས་འགྲིམ་འགྲུལ་སྡེ་ཚན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རྣམ་གྲངས་ཀྱི་ཨར་ལས་དང་སྤྱི་དམངས་ཀྱི་བདེ་འཇགས་འགྲོ་སྐྱོད་གཉིས་གཅིག་གྱུར་འཆར་འགོད་བྱས་ཡོད་ཅེས་དང་། ཀྲུའོ་ཅན་ཡུས་ཀྱིས་འཛུགས་སྐྲུན་གྱི་དུས་འཁོར་ཧྲིལ་པོར་ཁྱོན་ལམ་དུམ་5སྤྱོད་དགོས་པ་དང་རིང་ཚད་ལ་སྤྱི་ལེ་47.2ཙམ་ཡོད། ང་ཚོས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནན་པོ་སྤྱད་ཡོད། ཨར་ལས་རླངས་འཁོར་གཅིག་གྱུར་ཐོག་འགྲོ་སྐྱོད་ཉུང་བའི་མཚན་མོར་བསྐྱོད་པ་ལས་ཉིན་མོར་སྤྱི་ཚོགས་རླངས་འཁོར་དང་མཉམ་བསྲེས་བྱས་ནས་སྐྱོད་ཀྱི་མེད་ཅེས་བརྗོད་ཡོད།
















