དབྱར་འབྲུ་བསྡུ་མང་བའི་དུས་ཚིགས་སླེབས་གྲབས་ཡོད་པ་དང་། སྔོན་དཔག་བྱས་ན་དགུན་གྲོ་ཏུན་དུང་ཕྱུར་1ཡས་མས་ཉོ་སྒྲུབ་བྱ་རྒྱུ་ཡིན་པ།
2026-05-15 09:42:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་འབྲུ་རིགས་དང་དངོས་གསོག་གྲབས་གསོག་ཅུས་ཀྱིས་ཚེས་14ཉིན་གནས་ཚུལ་སྤེལ་ནས། 2026ལོའི་དབྱར་འབྲུ་བསྡུ་མང་བའི་དུས་ཚིགས་སླེབས་གྲབས་ཡོད་པ་དང་། མིག་སྔར་ས་གནས་ཁག་གིས་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད་པ་རེད། དགུན་གྲོ་ཉོ་སྒྲུབ་བྱེད་ཚད་སྔོན་དཔག་བྱས་ན་ཏུན་དུང་ཕྱུར་1གཡས་གཡོན་ཉོ་སྒྲུབ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།
རྒྱལ་ཁབ་འབྲུ་རིགས་དང་དངོས་གསོག་གྲབས་གསོག་ཅུས་འབྲུ་རིགས་གྲབས་གསོག་སིའི་སི་སི་ཀྲང་ལུའོ་ཧྲོའུ་ཆོན་གྱིས་ངོ་སྤྲོད་གནང་བར། དབྱར་འབྲུ་ཉོ་སྒྲུབ་བྱེད་མང་བའི་དུས་ཚིགས་དེ་ཟླ་5པའི་ཟླ་སྨད་ནས་བཟུང་འགོ་འཛུགས་རྒྱུ་ཡིན་པ་དང་། ཟླ་9པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་ཡིན་པ་རེད། དུས་ཚོད་ལེགས་སྒྲིག་བྱས་པ་བརྒྱུད། ད་ལོའི་དབྱར་འབྲུ་བསྡུ་ལེན་གྱི་དུས་ཚོད་དེ་ལོ་གོང་མ་ལས་གཟའ་འཁོར་གཅིག་གཡས་གཡོན་ནར་འགྱངས་བྱས་པ་དང་། ཧུའུ་པེ་དང་སི་ཁྲོན་སོགས་ས་ཆར་དབྱར་འབྲུ་རིམ་པས་ཁྲོམ་རའི་ཐོག་འདོན་བཞིན་ཡོད་པ་རེད།
ལུའོ་ཧྲོའུ་ཆོན་གྱིས། ཐོག་མའི་དབྱེ་ཞིབ་བྱས་པར་གཞིགས་ན། གྲོ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1གཡས་གཡོན་ཟིན་ཞིང་། དེས་ཐོན་འབོར་གྱི་བཅུ་ཆ་བདུན་ཙམ་ཟིན་པ་དང་། ལོ་སྟོད་དང་སྤྱིའི་ཆ་ནས་དོ་སྙོམས་ཡིན་པ་རེད། མིག་སྔར་ཐོན་ཁུལ་གཙོ་བོའི་གྲོ་ཉོ་སྒྲུབ་བྱེད་པའི་ཆ་སྙོམས་རིན་གོང་རྒྱ་མ་རེར་སྒོར་1.25ཡིན་པ་དང་། དེ་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱ་མ་རེར་དམའ་ཤོས་ལ་སྒོར་1.19ཡི་ཆུ་ཚད་ལས་མཐོ་བ་ཡོད་ཅེས་བརྗོད་ཡོད།
ལུའོ་ཧྲོའུ་ཆོན་གྱིས། གོམ་སྟབས་རྗེས་མར། དབྱར་འབྲུ་ཉོ་སྒྲུབ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཐོག ཞིང་པས་བཏབ་པའི་འབྲུ་རིགས་ཚོང་ཐུབ་པ་བྱེད་པའི་མཐའ་ཐིག་དེ་བརྟན་པོར་སྲུང་ནས། འབྲུ་རིགས་ཀྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུར་པར་སྐུལ་འདེད་གཏོང་དགོས། མིག་སྔར་ས་གནས་ཁག་གིས་དབྱར་འབྲུ་ཏུན་དུང་ཕྱུར་1.1མཛོད་འཇུག་བྱ་རྒྱུ་གྲ་སྒྲིག་བྱས་ཟིན་ཞིང་། དེས་ཞིང་པའི་འབྲུ་རིགས་ཚོང་རྒྱུའི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད། ང་ཚོས་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། དུས་ཐོག་ཏུ་ཆ་རྐྱེན་དང་མཐུན་པའི་ས་ཁུལ་དུ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་ཀྱི་ཇུས་གཞི་ལག་ལེན་བསྟར་རྒྱུ་དང་། དྲ་འོག་དྲ་ཐོག་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཉོ་སྒྲུབ་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཏེ། འབྲུ་རིགས་ཁྲོམ་རའི་ཐོག་འགྲོ་རྒྱུག་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
















