ཕྱི་དངུལ་ཁེ་ལས་ཀྱིས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་མ་འཇོག་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ།
2026-05-14 09:52:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འདི་ལོ་ནས་བཟུང་། རང་རྒྱལ་གྱིས་ཟམ་མི་ཆད་པར་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་བ་དང་བསྟུན། ཕྱི་དངུལ་ཁེ་ལས་ཀྱིས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་མ་འཇོག་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། དེས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་རིམ་སྤོར་མགྱོགས་སུ་འགྲོ་རྒྱུར་རོགས་རམ་བྱས་པ་མ་ཟད། ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བའི་མདུན་ལྗོངས་གསར་པ་བཏོད་ཡོད།
འདི་ལོ་ནས་བཟུང་། ཕྱི་དངུལ་སིལ་ཚོང་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོར་ཚོང་ཁང་གསར་པ་བཙུགས་པ་དང་། ཕྱི་རྒྱལ་མ་འཇོག་གི་དངུལ་འཛིན་ཚོང་པས་རྒྱུན་མཐུད་ངང་མ་རྩ་མང་དུ་བཏང་བ་དང་། རྒྱུ་ནོར་དོ་དམ་དང་མ་འཇོག་དངུལ་ཁང་གི་ལས་སྒོ་ཟམ་མི་ཆད་པར་རྒྱ་སྐྱེད་ཐུབ་ཡོད། དེ་དང་ཆབས་ཅིག ཕྱི་དངུལ་ཁེ་ལས་འབྲིང་ཆུང་དེ་བས་མང་བ་རིག་ནུས་རླངས་འཁོར་དང་། ལྗང་མདོག་ཐཱན་ཉུང་སོགས་ཀྱི་ཁྱབ་ཁོངས་སུ་ཞུགས་ཡོད། དུས་ཚིགས་དང་པོར། རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁེ་ལས་13000ལས་བརྒལ་བ་དེ་དུས་མཚུངས་ལས་11%འཕར་བ་དང་། ཞིབ་འཇུག་གསར་སྤེལ་གྱིས་ཚབ་མཚོན་བྱེད་པའི་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱིས་དངོས་སུ་བེད་སྤྱོད་བྱས་པའི་ཕྱི་རྒྱལ་གྱི་མ་དངུལ་དེ་དུས་མཚུངས་ལས་127.8%ཡི་ལྡབ་འཕར་བྱུང་ཡོད།
ད་ལོ་ནས་བཟུང་། ཕྱི་དངུལ་ཁེ་ལས་དེ་བས་མང་བས་ཞིབ་འཇུག་གསར་སྤེལ་གྱི་ལས་སྒོའི་ལྷུ་ཚིགས་ཀྲུང་གོར་བཞག་ནས། “ཀྲུང་གོར་གསར་གཏོད་དང་། གོ་ལ་ཧྲིལ་པོ་ཁྱོན་ཡོངས་སུ་སྤྱོད་པ་”མངོན་འགྱུར་བྱུང་ཡོད། འདི་ལོའི་ཟླ་3པའི་ཟླ་མཇུག་བར། པེ་ཅིང་དུ་ཕྱི་དངུལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་332བཙུགས་པ་དང་། འདི་ལོ་གསར་སྣོན་ལྟེ་གནས་55ཡོད་པ་དང་། ཧྲང་ཧའེ་རུ་ཕྱི་རྒྱལ་གྱི་མ་འཇོག་ཞིབ་འཇུག་གསར་སྤེལ་ལྟེ་གནས་647བཙུགས་པ་དང་། འདི་ལོ་15གསར་འཕར་བྱུང་ཡོད། ཕྱི་རྒྱལ་མ་འཇོག་གི་ཀྲུང་གོར་ཡོད་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་“གྲངས་འབོར་དང་སྤུས་ཚད་མཉམ་འཕར་”གྱི་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་སུ་སླེབས་ཡོད། ཚོང་དོན་པུས། ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་ཡོངས་སུ་དངོས་སུ་སྤྱོད་པའི་ཕྱི་དངུལ་བསྡོམས་འབོར་གྱི་བཅུ་ཆ་བདུན་ལས་བརྒལ་ཡོད་པ་དང་། གོམ་སྟབས་རྗེས་མར་ཞབས་ཞུའི་ལས་རིགས་དེ་ཉིད་གཙོ་གནད་དུ་བྱས་ནས་ཁྲོམ་རའི་ཆོག་འཐུས་དང་སྒོ་དབྱེའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། ཕྱི་དངུལ་ནང་འདྲེན་བྱེད་པའི་བཟང་ཆ་གསར་པ་གཏོད་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞེས་བསྟན་ཡོད།
















