ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གོ་ལ་ཧྲིལ་པོའི་མཚོ་རླུང་ཐད་འབྲེལ་གྱི་མཚོ་འོག་གྲངས་གཞིའི་ལྟེ་གནས་ཐོག་མ་སྟེ། མཚོ་ཐོག་རླུང་གློག་ཐོག་མཚོ་འོག་རྩིས་རྒྱག་ནུས་པ་སྣོན་པའི་རྩིས་རྒྱག་དང་གློག་ཤུགས་གཞི་གཅིག་ཅན་གྱི་གནོད་མེད་ལག་ལེན།

2026-04-03 09:59:00     责编:卓玛才让
གོ་ལ་ཧྲིལ་པོའི་མཚོ་རླུང་ཐད་འབྲེལ་ཞེས་པའི་མཚོ་འོག་གྲངས་གཞིའི་ལྟེ་གནས་ཐོག་མ་སྟེ། ཧྲང་ཧའེ་ལིན་གང་མཚོ་འོག་གྲངས་གཞིའི་ལྟེ་གནས་དེ་མི་རིང་བའི་གོང་བེད་སྤྱོད་གཏོང་འགོ་ཚུགས་ཡོད། དེ་ནི་མཚོ་ཐོག་རླུང་གློག་སྤྱད་ནས་མཚོ་འོག་རྩིས་རྒྱག་ནུས་པར་སྒུལ་ནུས་སྦྱིན་པ་དང་། བེད་སྤྱོད་གཏོང་འགོ་ཚུགས་པ་ནས་བཟུང་། རྩིས་རྒྱག་དང་གློག་ཤུགས་གཞི་གཅིག་ཅན་གྱི་གནོད་མེད་གོང་འཕེལ་འཚོལ་ཞིབ་བྱེད་པ་དང་དུས་མཚུངས། གོ་ལ་ཧྲིལ་པོར་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་དེ་ཁོར་ཡུག་སྲུང་སྐྱོང་ལ་རིམ་སྤོར་བྱ་རྒྱུ་མངོན་འགྱུར་ཡོང་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། 
ཧྲང་ཧའེ་ལིན་གང་མཚོ་འོག་གྲངས་གཞིའི་ལྟེ་གནས་དེ་ལིན་གང་ཤར་རྒྱུད་ཀྱི་སྤྱི་ལེ་10ཟིན་པའི་མཚོ་ཁོངས་སུ་གནས་ཡོད། མཚོ་ངོས་ཡན་གྱི་ཆ་ཤས་ཀྱི་སྤྱིའི་མཐོ་ཚད་ལ་རྨིད་32ཟིན་པ་དང་། སྤྱིའི་ལྗི་ཚད་ཏུན་1950ཟིན་གྱི་ཡོད། ཆེས་ལྟེ་བའི་གྲངས་གཞིའི་མཛོད་ཡིན་པའི་ཧྲང་ཧའེ་ཧའེ་ལན་སྤྲིན་གྲངས་གཞིའི་ལྟེ་གནས་ཚན་རྩལ་ཚད་ཡོད་ཀུང་སིའི་ལག་རྩལ་ལྟེ་གནས་ཀྱི་སྤྱི་ཁྱབ་སྤྱི་གཉེར་ཁྲེན་ཞི་ཆ་ཡིས་གསར་འགོད་པར། སྲོལ་རྒྱུན་གྱི་སྐམ་སའི་ཐོག་སྐྲུན་པའི་གྲངས་གཞིའི་ལྟེ་གནས་ལ་ཚྭ་མེད་ཆུ་འབོར་ཆེན་དང་རྙོག་འཛིང་ཆེ་བའི་གྲང་བཟོའི་སྒྲིག་ཆས་ལ་བརྟེན་ནས་ཞབས་ཞུའི་ཡོ་ཆས་ཀྱི་དྲོད་ཚད་གཅོག་དགོས་ཀྱི་ཡོད། ཧྲང་ཧའེ་ལིན་གང་ཡི་མཚོ་ཁོངས་དེའི་མཚོ་འོག་གི་གཏིང་ཚད་རྨིད་8ཟིན་པའི་སར་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་15ལས་ཟིན་གྱི་མེད་པས། མཚོ་ཆུ་དེ་རང་ནི་རང་བྱུང་གི་དྲོད་ཚད་གཅོག་པའི་ཡོ་ཆས་ལྟ་བུ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། 
སྐམ་སའི་ཐོག་གི་གྲངས་གཞིའི་ལྟེ་གནས་སུ་གློག་བེད་སྤྱོད་བྱེད་སྐབས་རྟག་ཏུ་བར་ཐག་རིང་པོ་ནས་གློག་སྐུད་བརྒྱུད་གློག་གཏོང་དགོས་ཀྱི་ཡོད་པས། ལམ་བར་དུ་ཟད་གྲོན་ཆེ་བ་དང་། མ་གནས་མཐོ་པོ་ཡོད། ལིན་གང་མཚོ་འོག་གྲངས་གཞིའི་ལྟེ་གནས་ཀྱིས་བེད་སྤྱོད་གཏོང་བའི་གློག་ནི་བར་ཐག་དེ་ཙམ་རིང་པོ་མེད་པའི་མཚོ་ཐོག་གི་རླུང་གློག་གློག་ཁང་ནས་གཏོང་གི་ཡོད་པ་རེད།

中央广播电视总台 央广网 版权所有

གོ་ལ་ཧྲིལ་པོའི་མཚོ་རླུང་ཐད་འབྲེལ་གྱི་མཚོ་འོག་གྲངས་གཞིའི་ལྟེ་གནས་ཐོག་མ་སྟེ། མཚོ་ཐོག་རླུང་གློག་ཐོག་མཚོ་འོག་རྩིས་རྒྱག་ནུས་པ་སྣོན་པའི་རྩིས་རྒྱག་དང་གློག་ཤུགས་གཞི་གཅིག་ཅན་གྱི་གནོད་མེད་ལག་ལེན།

གོ་ལ་ཧྲིལ་པོའི་མཚོ་རླུང་ཐད་འབྲེལ་ཞེས་པའི་མཚོ་འོག་གྲངས་གཞིའི་ལྟེ་གནས་ཐོག་མ་སྟེ། ཧྲང་ཧའེ་ལིན་གང་མཚོ་འོག་གྲངས་གཞིའི་ལྟེ་གནས་དེ་མི་རིང་བའི་གོང་བེད་སྤྱོད་གཏོང་འགོ་ཚུགས་ཡོད།