ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོའི་ཟླ་དང་པོ་དང་གཉིས་པའི་ནང་རང་རྒྱལ་གྱི་གློག་རྡུལ་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ།

2026-03-31 15:20:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་དང་གཉིས་པའི་ནང་རང་རྒྱལ་གྱི་གློག་རྡུལ་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། གྲངས་འཛིན་འཛད་སྤྱོད་དང་ཐོན་ལས་ཀྱི་གློག་རྡུལ་ཚོང་དོན་དེ་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། 
གྲངས་འཛིན་འཛད་སྤྱོད་རྒྱུན་མཐུད་ངང་འཁྲུག་ཆ་དོད་དུ་ཕྱིན་པ་དང་། འཛད་སྤྱོད་སྐུལ་སྤེལ་གྱི་སྲིད་ཇུས་རབ་དང་རིམ་པར་གློག་རྡུལ་ཚོང་དོན་ཁྱབ་ཁོངས་སུ་ཕན་འབྲས་མངོན་ཡོད། ཟླ་དང་པོ་ནས་གཉིས་པའི་བར། རྒྱལ་ཡོངས་ཀྱི་དྲ་ཐོག་གི་ཚོང་ཟོག་དང་ཞབས་ཞུ་སིལ་འཚོང་གི་དངུལ་གྲངས་9.2%འཕར་ཡོད། ཚོང་དོན་གྲངས་གཞི་ཆེན་པོའི་གཙོ་གནད་ལྟ་ཞིབ་ཚད་ལེན་ལས་སྟེགས་ཐོག་རིག་ནུས་ཐོན་རྫས་ཀྱི་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་དང་། དེའི་ནང་རིག་ནུས་མིག་ཤེལ་དང་སྒེའུ་ཁུང་ཕྱིས་མཁན་འཕྲུལ་མི་དྲ་ཐོག་ནས་སིལ་ཚོང་བྱེད་པའི་དངུལ་འབོར་ཁག་སོ་སོར་183.5%དང་130.8%འཕར་ཡོད། དྲ་ཐོག་ནས་སྔོན་མངག་དང་ཡུལ་དངོས་ནས་ཉམས་ལེན་བྱེད་པའི་ཡུལ་སྐོར་དང་བཟའ་བཏུང་གི་སིལ་ཚོང་དངུལ་གྲངས་ཁག་སོ་སོར་36.1%དང་27.3%འཕར་ཡོད། 
ད་ལོ་ནས་བཟུང་། ཚོང་དོན་པུས་ཐོན་ལས་གློག་རྡུལ་ཚོང་དོན་གྱིས་ཁེ་ལས་ལ་ཕན་འདོགས་པའི་ཐད་ཀྱི་འབྲེལ་མཐུད་ལས་དོན་སྤེལ་ནས། ལས་སྟེགས་ཀྱི་གྲངས་རིག་ཅན་གྱིས་ཐོན་ལས་ཕྱོགས་སྒྱུར་ལ་ནུས་པ་སྤྲོད་རྒྱུ་གཏིང་ཟབ་ཏུ་བཏང་ཡོད། ཚོང་དོན་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། ཟླ་དང་པོ་ནས་གཉིས་པའི་བར། ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་17.6%འཕར་ཡོད་པ་དང་། ཐོན་ལས་གློག་རྡུལ་ཚོང་དོན་གྱིས་ཟོག་འགྲེམས་མྱུར་སྐྱེལ་དང་། མི་ཐབས་རིག་ནུས། སྤྲིན་རྩིས་རྒྱག་སོགས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

中央广播电视总台 央广网 版权所有

ད་ལོའི་ཟླ་དང་པོ་དང་གཉིས་པའི་ནང་རང་རྒྱལ་གྱི་གློག་རྡུལ་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་དང་གཉིས་པའི་ནང་རང་རྒྱལ་གྱི་གློག་རྡུལ་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་།