ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

“ལོ་ལྔ་ཚན་བཅུ་བཞི་པའི་”སྐབས་སུ་རང་རྒྱལ་གྱིས་འབྱུང་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། འགག་རྩའི་ཐོད་བརྒལ་རབ་དང་རིམ་པ་བྱུང་བ།

2026-03-31 15:13:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབྱུང་ཁམས་ཁོར་ཡུག་པུས་ཟླ་3ཚེས་30ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། འབྲེལ་ཡོད་འགན་འཁུར་བས་“ལོ་ལྔ་ཚན་བཅུ་བཞི་པའི་”སྐབས་སུ་རང་རྒྱལ་གྱིས་འབྱུང་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། འགག་རྩའི་ཐོད་བརྒལ་རབ་དང་རིམ་པ་བྱུང་ཡོད་ཅེས་ངོ་སྤྲོད་གནང་ཡོད། 
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་འབྱུང་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚན་རྩལ་ལས་དོན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།  འབྱུང་ཁམས་ཁོར་ཡུག་པུའི་ཚན་རྩལ་དང་ནོར་དོན་སིའི་སི་ཀྲང་ཝང་ཀྲི་པིན་གྱིས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ཐད་རང་རྒྱལ་གྱིས་བར་སྣང་དང་མཁའ་དབྱིངས། ས་ངོས་བཅས་གཞི་གཅིག་ཅན་གྱི་ལངས་གཟུགས་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས་སྦགས་བཙོག་གི་བརྒྱུད་རིམ་སྔར་བས་ཤེས་ཚོར་ཐུབ་པ་དང་། སྦགས་བཙོག་གི་གཙོ་གནད་སྔར་བས་མགྱོགས་པོར་འཛིན་ཐུབ་པ། གཙོ་གནད་འབུད་བཤང་འབྱུང་ཁུངས་ལ་སྔར་བས་དབྱེ་འབྱེད་གནད་ལ་འཁེལ་བ་བཅས་བྱེད་ཐུབ་ཡོད་ཅེས་ངོ་སྤྲོད་གནང་ཡོད།  
ཝང་ཀྲི་པིན་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་PM2.5དང་དཀུ་དབྱང་མཐུན་སྦྱོར་སྔོན་འགོག་ཚོད་འཛིན་གྱི་ལངས་གཟུགས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་ལས་སྟེགས་ལ་བརྟེན་པ་བརྒྱུད། ས་ཁོངས་གང་ཞིག་དང་ཁེ་ལས་གང་ཞིག་གི་བཙོག་འབུད་བྱེད་ཚད་ཚད་ལས་བརྒལ་བ་མཐའ་དག་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་ཏེ་“རྣག་ཐོག་གཙག་འཁེལ་གྱི་བཅོས་སྐྱོང་”མངོན་འགྱུར་བྱུང་ཡོད་པ་དང་། འབྲེལ་ཡོད་སྲུང་སྐར་ཐོན་རྫས་དང་། འགུལ་རྣམ་གསལ་ཐོ། སྔོན་བརྡ་གཏོང་སྟངས་སོགས་“སྤྱི་ལེ་རེ་དང་ཆུ་ཚོད་རེ་”རིམ་པའི་གནད་ལ་འཁེལ་བའི་སྔོན་བརྡ་གཏོང་རྒྱུ་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་པ་རེད། 
སྦགས་བཙོག་འགོག་བཅོས་ཐད་ཝང་ཀྲི་པིན་གྱིས་རང་རྒྱལ་གྱིས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་རྒྱག་རྒྱུར་དམིགས་ནས་གཙོ་གནད་ས་ཁོངས་དང་འབབ་རྒྱུད།  གཙོ་གནད་ལས་རིགས། གཙོ་གནད་གནས་ཡུལ་བཅས་ལ་དམིགས་ཏེ་སྦགས་བཙོག་ཞིབ་ཚགས་ཅན་གྱི་ཕྱིར་འབུད་དབྱེ་འབྱེད་དང་། བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན། ཁྱད་པར་ཅན་གྱི་དོ་དམ་ཚོད་འཛིན་སོགས་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་རོགས་འདེགས་བྱས་ཡོད་ཅེས་བརྗོད་ཡོད། 
ཝང་ཀྲི་པིན་གྱིས་དཔེར་ན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་དཀའ་གནད་ལ་དམིགས་ནས་ང་ཚོས་“རང་འགུལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། སྲབ་རིམ་སྦགས་མེད་འགོག་འཛིན། ཟབ་རིམ་ཕྱོགས་མང་ཉམས་གསོ་”བཅས་ཀྱི་སྦགས་མེད་དང་རྒྱུན་མཐུད་ཐུབ་པའི་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ལག་རྩལ་མ་ལག་བཙུགས་པས་ཕྱོགས་བསྡུས་མ་གནས་སྲོལ་རྒྱུན་ལག་རྩལ་ལས་20%ཆག་པ་དང་། ཡུན་རིང་འགོག་འཛིན་གྱི་ཕན་འབྲས་30%འཕར་ཡོད་ཅེས་བརྗོད་པ་རེད། 
ད་ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་ལ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྔ་རྗེས་འབྲེལ་མཐུད་ཀྱི་ལོ་དང་། སྐྱེ་ཁམས་ཁོར་ཡུག་རྩ་བ་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཝང་ཀྲི་པིན་གྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་། རང་རྒྱལ་གྱིས་ད་དུང་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱུ་རྐྱེན་གཙོ་བོ་མང་པོ་མཐུན་སྦྱོར་བཅོས་སྐྱོང་དང་གསར་དར་ལག་རྩལ་མཉམ་འདྲེས་སོགས་ཀྱི་ཁ་ཕྱོགས་ལ་དམིགས་ཏེ་ཚན་རྩལ་གྱི་གྲུབ་འབྲས་སྔར་བས་མང་བ་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་སྔོ་ལྗང་རི་ཆུ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་སྒུལ་ནུས་དེ་བས་ཆེ་བ་སྣོན་རྒྱུ་རེད་ཅེས་བརྗོད་ཡོད།

中央广播电视总台 央广网 版权所有

“ལོ་ལྔ་ཚན་བཅུ་བཞི་པའི་”སྐབས་སུ་རང་རྒྱལ་གྱིས་འབྱུང་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། འགག་རྩའི་ཐོད་བརྒལ་རབ་དང་རིམ་པ་བྱུང་བ།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་འབྱུང་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚན་རྩལ་ལས་དོན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།