ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཁྲུང་ཆིང་དང་ཧྥུའུ་ཅན། ནང་སོག་བཅས་ཀྱིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

2026-03-19 19:14:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲུང་ཆིང་དང་། ཧྥུའུ་ཅན། ནང་སོག་སོགས་ས་ཁུལ་གྱིས་ཉིན་ཤས་བསྟུད་མར་འཆར་འགོད་བཀོད་སྒྲིག་ནན་ཏན་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཡོད།
ཁྲུང་ཆིང་གིས་སློབ་སྦྱོང་བྱེད་ཞོར་ཞིབ་བཤེར་དང་དེའི་ཞོར་དུ་ལེགས་བཅོས་བྱེད་པ་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་དང་དེ་ཡན་གྱི་འགོ་ཁྲིད་ཚན་ཁག་གིས་རིམ་རྩིས་བྱས་ན་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་རྣམ་པའི་ཐོག་ནས་གཅིག་སྡུད་ཐོག་སློབ་སྦྱོང་དང་ཞིབ་བསྡུར་ཐེངས་1900ལྷག་བྱས་ཤིང་། སློབ་སྦྱོང་སློབ་གསོ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། “ཁུལ་དྲུག་དང་མཐོ་ས་གཅིག”གི་རིམ་སྤོར་འཛུགས་སྐྲུན་བྱེད་པ་སོགས་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཚགས་དང་ཕན་ཚུན་སྐུལ་འདེད་བཏང་ཡོད། 
ཁྲུང་ཆིང་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲང་པོ་ཡིས། “སློབ་སྦྱོང་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་གལ་ཆེན་ཚད་གཞིར་བཟུང་ནས་དོན་འཁྱོལ་དང་། ཁྲུང་ཆིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་6དང་གཙོ་གནད་བྱེད་ཐབས་22ཆགས་པ་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཐད་གནས་པའི་ཕྱོགས་9ཡི་མངོན་གསལ་དོད་པའི་གནད་དོན་ཞིབ་ཚགས་སུ་གཏོང་བ། སློབ་སྦྱོང་སློབ་གསོའི་ལས་དོན་དོན་ཚན་གྱི་གསལ་ཐོ་དང་ལྡོག་ཕྱོགས་ཀྱི་གསལ་ཐོ་བཟོ་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱ་དགོས”ཞེས་གསུངས་ཡོད།
ཧྥུའུ་ཅན་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། བཅར་འདྲི་དང་ལེན་དང་འཚམས་འདྲིར་བསྐྱོད་པ་བཅས་བྱ་རྒྱུ་སྒྲིག་འཛུགས་བྱས་ཤིང་། ཀྲུང་དབྱང་གི་སྐོར་ཞིབ་དང་། རྩིས་བཤེར་ལྟ་སྐུལ། བསྡོམས་རྩིས་ལྟ་སྐུལ་སོགས་ཀྱི་ཚུར་ལན་གནད་དོན་དང་ཟུང་འབྲེལ་བྱས་ཏེ། གནད་དོན་གྱི་གསལ་ཐོ་ཞིབ་བཤེར་དང་དག་ཐེར་བཅོས་སྒྲིག་གི་རྩིས་ཐོ་བཟོ་བ་བཅས་ཀྱི་རྣམ་པ་གྲུབ་པར་ཤུགས་བརྒྱབ་ཡོད། “དམངས་ཀྱིས་འབོད་ན་ངས་སྒྲུབ་པ”དང་། “ཞུ་གཏུག་འབྱོར་མ་ཐག་དེ་མུར་སྒྲུབ་པ” ཁེ་ལས་ལ་ཞབས་འདེགས་ཞུ་བའི“ཤར་གཏོང་བཞི་དང་འབྱོར་བ་བཞི”སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཁེ་ལས་དང་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
ཧྥུའུ་ཅན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཧུའེ་ཡིས། “སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། ‘གཤམ་བསྐྱོད་བཞི་’དང་‘འཕྲལ་མར་སྒྲུབ་པ’ དམ་པ་དོན་གཉེར་བྱེད་པ’སོགས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། སློབ་སྦྱོང་གཏིང་ཟབ་བྱས་ནས་ཕུལ་བྱུང་བརྩོན་ལེན་དང་། སྔོན་ཐོན་བརྩོན་ལེན་བྱེད་ཕོད་པ། དངོས་སྒྲུབ་ལ་བརྟེན་ནས་ཕན་འབྲས་བརྩོན་ལེན་བྱེད་པའི’བྱ་སྤྱོད་གཏིང་ཟབ་སྒོ་ནས་སྤེལ་དགོས་་ཞེས་གསུངས་ཡོད། 
ནང་སོག་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་རིམ་པའི་སྲིད་སྐྱོང་བྱས་རྗེས་ལྟ་བའི་ནོར་འཛོལ་གྱི་གནད་དོན་གཙོ་བོའི་གསལ་ཐོ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་དང་གཏིང་ཟབ་སྒོ་ནས་གནད་དོན་ཞིབ་བཤེར་བྱེད་པ་དང་། གཙོ་གནད་དག་ཐེར་བཅོས་སྒྲིག་ལ་དམིགས་པ། ཁ་གསལ་གཏིང་གསལ་སྒོ་ནས་སློབ་གསོའི་ལས་དོན་སྤེལ་བ་མཐའ་འཁྱོངས་བྱེད་པ། “གཤམ་བསྐྱོད་བཞི”ཡི་ལམ་ལུགས་དོན་འཁྱོལ་ནན་ཏན་བཅས་བྱས་ནས། བསམ་འཆར་དང་གྲོས་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད། 
ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཏང་འཛུགས་སྐྱོང་དྲུང་ཡིག་ཁྲུའི་ཁྲུའུ་ཀྲང་ཀྲང་ཞུའེ་ཏུང་གིས། “ཕྱོགས་5ཡི་ཐད་ཀྱི་ཞིབ་ཕྲའི་ལས་འགན་ཁག་15ཞིབ་ཚགས་སུ་བཏང་ནས། སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་གཅིག་མཚུངས་མཉམ་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ནང་སོག་གིས་ལྗོངས་དེ་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ནས། སློབ་སྦྱོང་སློབ་གསོའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“1571”ལས་ཀའི་བཀོད་སྒྲིག་ དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད་ཅེས་གསུངས་ཡོད།

中央广播电视总台 央广网 版权所有

ཁྲུང་ཆིང་དང་ཧྥུའུ་ཅན། ནང་སོག་བཅས་ཀྱིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲུང་ཆིང་དང་། ཧྥུའུ་ཅན། ནང་སོག་སོགས་ས་ཁུལ་གྱིས་ཉིན་ཤས་བསྟུད་མར་འཆར་འགོད་བཀོད་སྒྲིག་ནན་ཏན་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཡོད།