ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོའི་གོང་གི་ཟླ་བ་2རིང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས་བརྒྱ་ཆ་18.3འཕར་བ།

2026-03-11 10:50:00     责编:娜科

  འགག་སྒོས་སྡོམ་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་གོང་གི་ཟླ་བ་2རིང་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས་བརྒྱ་ཆ་18.3འཕར་ཡོད། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་ཡོངས་ནས་བརྟན་པོའི་ཁྲོད་འཕར་སྣོན་འགྲོ་བའི་རྣམ་པ་རྒྱུན་མཐུད་ཐུབ་པ་དང་། ལྡེམ་ཤུགས་དང་གསོན་ཤུགས་སྔར་བས་མངོན་ཡོད་པ་རེད།

  ད་ལོའི་གོང་གི་ཟླ་བ་2རིང་། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་7.73ཟིན་ནས། དུས་མཚུངས་ལས་བརྒྱ་ཆ་18.3འཕར་ཡོད་པ་རེད། ཕྱིར་གཏོང་ཐད། སྒུལ་ནུས་གསར་པས་རྒྱུན་མཐུད་ནུས་པ་ཐོན་པ་དང་། ཁྲོམ་རའི་སྣ་མང་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་ཅིང་། ལས་རྣམ་གསར་པ་དང་རྣམ་པ་གསར་པའི་འཕར་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། གོང་གི་ཟླ་བ་2ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་4.62ཟིན་ནས། བརྒྱ་ཆ་19.2འཕར་ཡོད། ནང་འདྲེན་ཐད། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་མཛད་སྤྱོད་མང་དུ་ཕྱིན་པས། ནང་འདྲེན་གྱི་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། གོང་གི་ཟླ་བ་2རིང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་3.11ཟིན་པས། བརྒྱ་ཆ་17.1འཕར་ཡོད།

         ཉོ་ཚོང་རོགས་ཟླའི་ཐད། གོང་གི་ཟླ་བ་2རིང་། རང་རྒྱལ་གྱིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.24ཟིན་ནས། བརྒྱ་ཆ་20.3འཕར་ཡོད། ཡོ་རབ་མནའ་འབྲེལ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་9989.4ཟིན་ནས། བརྒྱ་ཆ་19.9འཕར་ཡོད། ཨ་རི་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་6097.1ཟིན་ནས། བརྒྱ་ཆ་16.9ཆག་ཡོད་པ་རེད། གོང་གི་ཟླ་བ་2རིང་། རང་རྒྱལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྡོམ་འབོར་སྒོར་དུང་ཕྱུར་ཁྲི་4.02ཟིན་ནས། བརྒྱ་ཆ་20འཕར་ཡོད་པ་རེད།

 

中央广播电视总台 央广网 版权所有

ད་ལོའི་གོང་གི་ཟླ་བ་2རིང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས་བརྒྱ་ཆ་18.3འཕར་བ།

ཉོ་ཚོང་རོགས་ཟླའི་ཐད། གོང་གི་ཟླ་བ་2རིང་། རང་རྒྱལ་གྱིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.24ཟིན་ནས།