ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཞིང་ལས་རིག་ནུས་ཅན་དང་གྲངས་འཛིན་ཅན་དུ་འགྱུར་ཚད་མགྱོགས་པོ་འདུག

2026-03-11 10:45:00     责编:娜科

 

 

ཟླ་3ཚེས་9ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི“པུའུ་ཀྲང་བགྲོད་ལམ”གྱི་བྱེད་སྒོ་ཐེངས་གཉིས་པ་དེ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཡོད།

ཧན་ཅུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པ་”ཡི་རིང་། རང་རྒྱལ་གྱི་ཞིང་ལས་ལག་རྩལ་སྒྲིག་ཆས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། ཞིང་ལས་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་64%ལས་བརྒལ་བ་དང་། སོན་བཟང་ཁྱབ་ཚད་96%ལས་བརྒལ་བ། ལོ་ཏོག་རྨོ་འདེབས་དང་བསྡུ་ལེན་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་76.7%ཟིན་པ། འབྲུ་རིགས་ལོ་ཏོག་གཙོ་བོ་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་བ་བཅས་བྱུང་ཡོད། 

ཞིང་ལས་རིག་ནུས་ཅན་དང་གྲངས་འཛིན་ཅན་དུ་བརྗེ་སྒྱུར་བྱེད་པར་ཡང་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རིགས་ཁག་གི་རིག་ནུས་སྒྲིག་ཆས་ཀྱིས་ཞིང་ལས་ཐོན་སྐྱེད་ཁྲོད་ནུས་པ་ཆེན་པོ་འདོན་བཞིན་ཡོད། ན་ནིང་། ཞིང་ལས་ཁྲོད་སྤྱོད་པའི་མི་མེད་གནམ་གྲུ་ཁྲི་30ལས་བརྒལ་བ་དང་། དེ་འཛམ་གླིང་ཡོངས་སུ་མང་ཤོས་ཡིན་པ་དང་། རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་4.6ལ་ཞབས་ཞུ་བསྒྲུབས་ཡོད། མིག་སྔར། རིག་ནུས་བརྐོ་འཐུའི་འཕྲུལ་མི་དང་། རིག་ནུས་ཆུ་འདྲེན་འཕྲུལ་མི། AIསྐུལ་འོད་རྩྭ་བཀོག་འཕྲུལ་མི་སོགས་ཀྱང་ཞིང་ལས་ཐད་བེད་སྤྱོད་གཏོང་འགོ་ཚུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཞིང་ལས་རིག་ནུས་ཅན་དང་གྲངས་འཛིན་ཅན་དུ་འགྱུར་ཚད་མགྱོགས་པོ་འདུག

ཞིང་ལས་རིག་ནུས་ཅན་དང་གྲངས་འཛིན་ཅན་དུ་བརྗེ་སྒྱུར་བྱེད་པར་ཡང་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།