ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། ཚོགས་ཆེན་གྱི་ཉིན་རེའི་ལས་རིམ་སོགས་གཏན་འཁེལ་བྱས་པ།

2026-03-05 09:33:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་ཚེས་4ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། 
ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་མི་167ཞུགས་དགོས་པ་དང་། དངོས་སུ་ཞུགས་མཁན་མི་165ཡོད་པ། མི་2ཞུགས་ཐུབ་མེད་པ། ཚོགས་འདུར་ཞུགས་མཁན་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། 
ཚོགས་འདུའི་ཐོག་ཐོག་མར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མིང་བཏོན་འདེམས་བསྐོ་བྱས་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་གནས་ནི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ་བཅས་ཀྱིས་འཁུར་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྐོང་འཚོགས་དང་གཙོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
ཚོགས་འདུའི་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཉིན་རེའི་ལས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཉིན་རེའི་ལས་རིམ་ལ་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་ཚེས་5ཉིན་གྱི་སྔ་དྲོ་འགོ་ཚུགས་པ་དང་། ཟླ་3ཚེས་12ཉིན་གྱི་ཕྱི་དྲོ་མཇུག་འགྲིལ་རྒྱུ་ཡིན་ཞིང་། འཚོགས་ཡུན་ཉིན་8ཡིན་པ་རེད། 
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་གྱི་གཏན་འབེབས་ལྟར་ན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་མིང་བཏོན་འདེམས་བསྐོ་བྱས་ནས། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་དུ་འཇུག་རྒྱུ་ཡིན་པ་རེད། བརྡས་ཐག་བཅད་པ་བརྒྱུད། གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམས་བསྐོ་བྱས་པ་རེད། 
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ལིའུ་ཆི་དང་། ལིའུ་ཅུན་ཁྲེན། ཞིན་ཁྲུན་དབྱིན། ཀྲུང་ཧྲན། ལོའུ་ཆིན་ཅན། ཁུང་ཧྲའོ་ཤུན། ཝང་དབྱང་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་ཐོག་གཏན་འཁེལ་བྱས་པ་ལྟར།  ལོའུ་ཆིན་ཅན་གྱིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་འཁུར་རྒྱུ་ཡིན་པ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཚོགས་ཆེན་རིང་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ནི་ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12པའི་བར་ཡིན་པ་གཏན་འཁེལ་བྱས་པ་རེད། གྲོས་ཚོགས་འཚོགས་རིང་། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་འཐུས་མི་ཚོགས་པ་དང་འཐུས་མིས་ཚོགས་ཆེན་འཚོགས་རིང་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་པ་དང་ཐག་གཅོད་ཀྱི་བསམ་འཆར་བཏོན་ནས།  ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུས་ཏེ་ཐག་གཅོད་དུ་འཇུག་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། ཚོགས་ཆེན་གྱི་ཉིན་རེའི་ལས་རིམ་སོགས་གཏན་འཁེལ་བྱས་པ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། ཚོགས་ཆེན་གྱི་ཉིན་རེའི་ལས་རིམ་སོགས་གཏན་འཁེལ་བྱས་པ་དང་། ད་ཐེངས་ཀྱི་ཚོགས་ཆེན་ཚེས་5ཉིན་འགོ་ཚུགས་པ་དང་། འཚོགས་ཡུན་ཉིན་8ཡིན་པ། ཀྲའོ་ལེ་ཅི་ཡིས་གཙོ་སྐྱོང་གནང་བ།