ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

2025ལོའི་བོད་ལྗོངས་ཀྱི་དམངས་འཚོའི་གྲུབ་འབྲས་གལ་ཆེན།

2026-02-05 10:22:00     责编:娜科

  2025ལོར། བོད་ལྗོངས་ཀྱིས་དམངས་འཚོར་ཕན་པ་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་ཏན་ཏིག་བསྒྲུབས་ཤིང་། མ་དངུལ་སྒོར་དུང་ཕྱུར་187བཏང་སྟེ་དམངས་འཚོའི་བྱ་བ་དངོས་“28+10”ཡག་པོ་བསྒྲུབས་ཡོད།  

 

 

གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་གསར་པ་མི་གྲངས་ཁྲི་5.1བྱུང་བ་དང་། ཞིང་འབྲོག་པ་ཁྲི་66ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་75.4བྱུང་ཡོད། ལོ་དེའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པའི་ནང་ལྗོངས་ཕྱི་རུ་ལས་ཞུགས་བྱེད་ཚད་12%ཡན་ཟིན་ཡོད། དམངས་ཡོངས་ལ་ཁྱབ་པའི་རིམ་མང་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ། དེ་བཞིན་བོད་ལྗོངས་ཞིང་འབྲོག་སློབ་གླིང་དེ་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་རིམ་པ་སྤར་བ་དང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དེ་དངོས་གཞིའི་སློབ་གྲྭར་རིམ་པ་སྤར་བ། གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་བསྐྲུན་ནས་སློབ་མ་བསྡུ་འགོ་ཚུགས་པ་བཅས་བྱུང་ཡོད། གཞན་ཡང་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུའི་ཆོག་མཆན་ཐོབ་ཅིང་། ཧྭ་ཤིས་སྨན་ཁང་གི་བོད་ལྗོངས་སྨན་ཁང་དུ་དངོས་སུ་སྨན་བཅོས་བྱེད་འགོ་ཚུགས་པ། “ཀ་པ་རིམ་པ་གསུམ་པའི”སྨན་ཁང་ས་ཁུལ་དང་(གྲོང་ཁྱེར)བདུན་ཡོངས་ལ་ཁྱབ་པ་བཅས་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བྱམས་པ་ཚེ་རིང་། 

ཡིག་སྒྱུར། བསྟན་དབང་།

中央广播电视总台 央广网 版权所有

2025ལོའི་བོད་ལྗོངས་ཀྱི་དམངས་འཚོའི་གྲུབ་འབྲས་གལ་ཆེན།

2025ལོར། བོད་ལྗོངས་ཀྱིས་དམངས་འཚོར་ཕན་པ་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་ཏན་ཏིག་བསྒྲུབས་ཤིང་། མ་དངུལ་སྒོར་དུང་ཕྱུར་187བཏང་སྟེ་དམངས་འཚོའི་བྱ་བ་དངོས་“28+10”ཡག་པོ་བསྒྲུབས་ཡོད།