རང་རྒྱལ་གྱི་གཙོ་གནད་ས་ཁོངས་ཆེན་པོ་དགུའི་འབྱུང་ཁམས་གནས་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་པ།
2026-01-29 16:36:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་ཟླ་1ཚེས་28ཉིན་འབྱུང་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རང་རྒྱལ་གྱིས་རྨ་ཆུའི་འབབ་རྒྱུད་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད། ཅིང་ཅིན་ཅི་ས་ཁུལ། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་སོགས་གཙོ་གནད་ས་ཁོངས་9ཡི་འབྱུང་ཁམས་གནས་ཚུལ་ལ་ཆེད་དོན་བརྟག་དཔྱད་དཔྱད་དཔོག་ལས་དོན་སྒྲིག་འཛུགས་ལེགས་གྲུབ་ཟིན་ཡོད། རང་རྒྱལ་གྱི་འབྱུང་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། མིག་སྔར་རྨ་ཆུའི་འབབ་རྒྱུད་དུ་སྟོད་རྒྱུད་དང་སྨད་རྒྱུད་སྦྲེལ་མཐུད་དང་། ཀྲུང་དབྱང་དང་ས་གནས་ཀྱིས་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བཅོས་སྐྱོང་མ་ལག་རགས་ཙམ་ཆགས་ཡོད་པ། འབྱུང་ཁམས་མ་ལག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྔོ་ཁེབས་ཁྱབ་ཚད་ནུབ་བྱང་དུ་སྤྱི་ལེ་300ཙམ་རྒྱ་བསྐྱེད་པས། འབྱུང་ཁམས་གནས་ཚུལ་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གཙང་རྒྱུད་དང་ཡན་ལག་ཆུ་རྒྱུད་གསར་སྤེལ་བྱེད་ཤུགས་མངོན་གསལ་དོད་པོས་ཆག་པ་དང་། རིམ་པ་ལེགས་པའི་འབྱུང་ཁམས་མ་ལག་གི་སྤུས་ཚད་རྒྱ་ཁྱོན་གྱིས་བཟུང་བའི་བསྡུར་ཚད་ལོ་རེར་ཆ་སྙོམས་0.8%འཕར་བ། ཅིང་ཅིན་ཅི་ས་ཁུལ་གྱི་གཏིང་ཐུང་དང་གཏིང་རིམ་གྱི་ས་འོག་གི་ཆུ་2018ལོ་ལས་ཁག་སོ་སོར་སྨི་2.59དང་སྨི་7.06འཕར་བ། ཆིན་ལིན་ས་ཁུལ་གྱི་འབྱུང་ཁམས་བར་སྟོང་གལ་ཆེན་སླར་གསོ་བྱེད་པའི་རྣམ་པ་མངོན་ཚད་50%ལས་བརྒལ་བ། དཔེ་མཚོན་གྱི་ཐང་རྒོད་ཅན་ས་ཁུལ་བྱེ་ས་ཅན་ལ་འགྱུར་ཚད་དམའ་རུ་ཕྱིན་ཡོད་ཅིང་། དེའི་ནང་རྨ་ཆུའི་“ཆུ་ཁུག་རྟ་མིག་མའི”ཚད་གཞི་12.9%དམའ་རུ་ཕྱིན་པ། གཙོ་གནད་ས་ཁོངས་ཀྱི་ཆེད་དོན་བརྟག་དཔྱད་དཔྱད་དཔོག་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་དང་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།
















