ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་རང་རྒྱལ་གྱི་གནམ་གཤིས་ཕྱོགས་བསྡུས་སྟོབས་ཤུགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

2026-01-27 15:24:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཀྲུང་གོ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་། རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་གནམ་གཤིས་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། གནམ་གཤིས་ཕྱོགས་བསྡུས་སྟོབས་ཤུགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་ཀྱི་བདེ་ཐང་ལ་གནམ་གཤིས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད། 
“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོར་ཁྱབ་ཅིང་ཆ་ལག་འཛོམས་པའི་གནམ་གཤིས་ཁྱབ་ཁོངས་ཀྱི་ས་གོ་ལའི་མ་ལག་གི་གཞི་གྲངས་ཐོན་ཁུངས་མ་ལག་བཙུགས་པ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་པའི་གནམ་གཤིས་གཞི་གྲངས་ཐོན་རྫས་ཆ་ཚང་100ལྷག་ཙམ་བཏོན་ཏེ་སའི་གོ་ལའི་ཚན་རིག་དང་། ཆུ་བེད། ཞིང་ལས། འགྲིམ་འགྲུལ། དངུལ་རྩ་སོགས་ལས་རིགས་མང་པོར་ཞབས་འདེགས་ཞུས་ཡོད། 
གནམ་གཤིས་ཀྱི་གནོད་འགོག་གནོད་འཕྲིའི་འགོག་སྲུང་འཛིང་རགས་མདུན་མ་བརྟན་པོ་བཙུགས་ཡོད། རང་རྒྱལ་གྱིས་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པའི་“ཐེན་ཆིང་”གནམ་གཤིས་གཞི་གྲངས་ཆེན་པོའི་སྤྲིན་སྟེགས་རྒྱུན་མཐུད་ངང་རིམ་སྤོར་བྱས་ཏེ། “ས་ངོས་ཐོག་སྤོ་འགུལ་དང་སྲུང་སྐར་སྣོན་པའི་”མྱུར་བགྲོད་དྲ་སྦྲེལ་བསྐྲུན་ནས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་གཏད་རྒྱུག་དྲག་པོའི་གནམ་གཤིས་སྔོན་བརྡའི་བརྡ་རྟགས་སྔ་སྣུར་བྱས་པའི་གྲངས་ཚད་སྐར་མ་48ཟིན་པ་དང་། “ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་”མཇུག་གི་སྐར་མ་38ལས་སྐར་མ་10རིང་དུ་ཕྱིན་ནས་མང་ཚོགས་ཀྱིས་ཉེན་འགོག་གནས་སྤོ་བྱེད་པར་དུས་ཚོད་རྩ་ཆེན་མཁོ་འདོན་བྱས་ཡོད།  རྒྱ་མཚོའི་རླུང་འཚུབ་ཆུ་ཚོད་24རིང་སྔོན་བརྡ་གཏོང་བའི་བར་ཁྱད་ཆུང་ཤོས་སྤྱི་ལེ་58ལ་སླེབས་པ་དང་། གོ་ལ་ཧྲིལ་པོའི་མདུན་གྲལ་དུ་བརྟན་པོར་གནས་ཤིང་། མཚོ་རྒྱུད་ས་ཁུལ་གྱིས་གནད་ལ་འཁེལ་བའི་ངང་རྒྱ་མཚོའི་རླུང་འཚུབ་འགོག་སྲུང་བྱེད་པར་རམ་འདེགས་གལ་ཆེན་བྱས་ཡོད། རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་མ་ལག་རབས་གསར་པ་བསྐྲུན་པ་དང་། སྔོན་བརྡ་གཏོང་བའི་ཆ་འཕྲིན་ལོ་རེར་མི་ཐེངས་དུང་ཕྱུར་70བསྐུར་ཡོད།  
རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་གཞིགས་ཏེ་གནམ་གཤིས་སྔོན་བརྡ་གཏོང་བའི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་ཡོད། རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་སྐབས་གནམ་གཤིས་ཕྱོགས་སྟོན་ལྟེ་གནས་ཀྱིས་ཉིན་རེའི་གྲུ་གཟིངས་ལ་ཞབས་འདེགས་ཞུ་བའི་ནུས་པ་གྲུ་གཟིངས་1000ལས་བརྒལ་བ་དང་། གྲུ་གཟིངས་ཀྱི་མྱུར་ཚད་སྔོན་བརྡ་བཏང་བ་ཡང་དག་ཚད་20%མཐོ་རུ་ཕྱིན་ཡོད། “ཐཱན་གཉིས་”དམིགས་ཚད་ལ་སྐུལ་འདེད་གཏོང་རིང་། གནམ་གཤིས་སྡེ་ཚན་གྱིས་བར་གསེང་མེད་ཅིང་ཡུལ་དུས་དབྱེ་འབྱེད་ཚད་མཐོ་བའི་རླུང་ནུས་དང་ཉི་ནུས་ཀྱི་གནམ་གཤིས་ཐོན་ཁུངས་སྔོན་བརྡའི་ལས་སྒོ་བཏོད་པ་དང་། དེ་ཡང་དག་ཡིན་ཚད་85%ཟིན་ནས་ནུས་རྒྱུ་གསར་པ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་གནད་ལ་འཁེལ་བའི་རམ་འདེགས་བྱས་ཡོད།  

中央广播电视总台 央广网 版权所有

“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་རང་རྒྱལ་གྱི་གནམ་གཤིས་ཕྱོགས་བསྡུས་སྟོབས་ཤུགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཀྲུང་གོ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་།