2025ལོར་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་70392གསར་དུ་བཙུགས་པ།
2026-01-27 15:22:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2025ལོར། རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་70392གསར་དུ་བཙུགས་པ་དེ། དུས་མཚུངས་ལས་19.1%འཕར་ཡོད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་དངུལ་གྲངས་ནི་མི་དམངས་ཤོག་སྒོར་དུང་ཕྱུར་7476.9ཡིན་པ་རེད།
ལས་རིགས་ཀྱི་ངོས་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པ་མི་དམངས་ཤོག་སྒོར་དུང་ཕྱུར་1855.1ཟིན་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པ་མི་དམངས་ཤོག་སྒོར་དུང་ཕྱུར་5451.2ཟིན་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་2417.7ཟིན་པ་དང་། དེའི་ནང་། གློག་རྡུལ་ཚོང་དོན་ཞབས་ཞུའི་ལས་རིགས་དང་། སྨན་བཅོས་ཡོ་བྱད་སྒྲིག་ཆས། ཡོ་བྱད་བཟོ་སྐྲུན། མཁའ་འགྲུལ་མཁའ་སྐྱོད་ཡོ་ཆས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་འཕར་སྣོན་ཅུང་མགྱོགས་པོ་བྱུང་ཡོད་པ་རེད།
















