ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

2025ལོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.9%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་བསྟུད་མར་ལོ་16རིང་གོ་ལ་ཧྲིལ་པོའི་ཨང་དང་པོར་འགྱུར་རེ་ཡོད་པ།

2026-01-23 09:50:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འགན་འཁུར་བས་2025ལོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.9%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་བསྟུད་མར་ལོ་16རིང་གོ་ལ་ཧྲིལ་པོའི་ཨང་དང་པོར་འགྱུར་རེ་ཡོད་པ། བཟོ་ལས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱས་རྗེས་བཅུ་ཆ་བཞི་ལྷག་བཞག་ཡོད་ཅེས་བརྗོད་འདུག
2025ལོར་“བརྟན་པོའི་”རྣམ་པ་མུ་མཐུད་སྲ་བརྟན་དུ་ཕྱིན་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཀྲང་ཡུན་མིང་གིས་བཟོ་ལས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་“གྲུ་སྣོན་རྡོའི་”བྱེད་ནུས་འདོན་སྤེལ་ནུས་ལྡན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་། བཟོ་ལས་ཞིང་ཆེན་ཆེན་པོས་གཙོ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱས་ཏེ་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། 
“མདུན་སྐྱོད་”ཀྱི་གོམ་སྟབས་མུ་མཐུད་མགྱོགས་སུ་ཕྱིན་ཡོད། གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ཁག་སོ་སོར་དུས་མཚུངས་ལས་བརྒྱ་ཆ་9.2དང་བརྒྱ་ཆ་9.4འཕར་བ་དང་། འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་སོ་སོར་བརྒྱ་ཆའི་གནས་3.3དང་3.5མཐོ་བ་ཡོད་པ་རེད། 
“གསར་པའི་”སྒུལ་ནུས་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་ཡོད།  ཕུག་ལམ་བརྐོ་འདྲུ་འཕྲུལ་འཁོར་ཆེས་ཆེ་གྲས་དང་། ལྕི་བའི་རླངས་འབར་འཕྲུལ་འཁོར་སོགས་སྒྲིག་ཆས་གལ་ཆེན་ལ་ཐོད་བརྒལ་བྱུང་བ་དང་། མི་ཐབས་རིག་ནུས་ཀྱིས་བཟོ་ལས་དཔལ་འབྱོར་འཕེར་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཞིང་། 6Gདུས་རིམ་དང་པོའི་ལག་རྩལ་ཚོད་ལྟར་འགག་རྩའི་ལག་རྩལ་300ལྷག་ཙམ་གསོག་འཇོག་ཐུབ་ཡོད། “ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་”སྐབས། གསར་དར་ཐོན་ལས་ཐད་འདོན་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་ཡིན་པ་དང་།  གསར་དར་ཀ་རྟེན་ཐོན་ལས་སྐྱེད་སྲིང་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད། 
ཀྲང་ཡུན་མིང་གིས་འབྱུང་འགྱུར་ཐོན་ལས་ཐད་རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་ཚན་རྩལ་རྣམ་གྲངས་གལ་ཆེན་ཁག་གཅིག་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་། ས་གནས་ཀྱིས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་འབྱུང་འགྱུར་ཐོན་ལས་ཀྱི་སྔོན་ཁྲིད་ཁུལ་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྲིད་གཞུང་གི་མ་འཇོག་ཐེབས་རྩ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་འབྱུང་འགྱུར་ཐོན་ལས་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ལེགས་པོ་ཆགས་པར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། 
“གསོན་ཤུགས་”ཀྱི་ཕན་འབྲས་མུ་མཐུད་དུ་མངོན་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་དང་འོད་ཤུགས་སོགས་གཙོ་གནད་ལས་རིགས་ཀྱི་འགྲན་རྩོད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད། 5Gདང་ཀྲའོ་སྟོང་ཅན་གྱི་འོད་དྲ་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་97ཁྲོད་ཀྱི་རིགས་91ནང་མཉམ་འདྲེས་བྱུང་བ་དང་། བཟོ་ལས་དྲ་སྦྲེལ་བཟོ་ལས་རིགས་ཆེ་གྲས་41ལ་ཡོངས་སུ་ཁྱབ་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་སྔར་བས་མང་བ་བསྣན་ཡོད།  ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་ཁྱོན་སྡོམ་ཁྲི་14ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་དང་། གོ་ཆོད་དུས་ཚོད་ནང་གི་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་50.4ཟིན་ཡོད། 
ཀྲང་ཡུན་མིང་གིས་“ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་”ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་བཟོ་རྒྱུ་དང་།《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་སྲོལ་ཡིག་》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་དངུལ་ཆད་འགྱངས་གཙང་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས།  དངུལ་ཆད་འགྱངས་གནས་ཚུལ་གསར་པ་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། ཁེ་ལས་འབྲིང་ཆུང་གི་དབྱེ་འབྱེད་ཚད་གཞིར་བཟོ་བཅོས་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། དབྱེ་འབྱེད་དམིགས་ཚད་དང་དབྱེ་འབྱེད་བྱེད་སྟངས་སྔར་བས་ལེགས་སུ་བཏང་སྟེ། སྲིད་ཇུས་རྒྱབ་སྐྱོར་གྱི་གནད་ལ་འཁེལ་ཚད་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས་ཞེས་བརྗོད་ཡོད། 
ཀྲང་ཡུན་མིང་གིས་“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་། རང་རྒྱལ་གྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པ་དང་། མཉེན་ཆ་དང་མི་མངོན་པའི་སྟོབས་ཤུགས། གསོན་ཤུགས་བཅས་ཆེ་བའི་ཁྱད་ཆོས་སྔར་བས་མངོན་ཡོད། 2026ལོར་བཟོ་ལས་དཔལ་འབྱོར་བརྟན་ཐོག་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུར་ང་ཚོར་སེམས་ཤུགས་ཆེན་པོ་ཡོད། ལོ་གསར་པའི་ནང་། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ། བརྟན་ཐོག་ཡར་རྒྱས་ཡོང་རྒྱུ་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་གཞི་གདན་མཐའ་འཁྱོངས་བྱས་ནས། འཕར་སྣོན་བརྟན་པོ་ཡོང་བ་དང་། གསར་གཏོད་ལ་ཤུགས་སྣོན།  མཉམ་འདྲེས་ལ་སྐུལ་འདེད། བཅོས་སྐྱོང་ལེགས་སྒྲིག ཉེན་ཁ་སྔོན་འགོག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། “ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་”འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

中央广播电视总台 央广网 版权所有

2025ལོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.9%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་བསྟུད་མར་ལོ་16རིང་གོ་ལ་ཧྲིལ་པོའི་ཨང་དང་པོར་འགྱུར་རེ་ཡོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་།