ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དུས་ཚིགས་དང་པོ་ནས་གསུམ་པའི་བར་གསར་གཉེར་ཁྲལ་འབྲེལ་ཚོང་གཉེར་གཙོ་གཟུགས་ཚོང་དུད་ཁྲི་1257.8ཟིན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ།

2024-11-27 09:27:00     责编:娜科

   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཚེས་26ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གསར་གཉེར་ཁྲལ་འབྲེལ་ཚོང་གཉེར་གཙོ་གཟུགས་ཚོང་དུད་ཁྲི་1257.8ཟིན་པ་དེ། དུས་མཚུངས་ལས་4%འཕར་བ་དང་། དེའི་ཐོག་ནས་རང་རྒྱལ་གྱི་ཚོང་གཉེར་གཙོ་གཟུགས་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སེམས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་མཚོན་གྱི་ཡོད།

  ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁེར་རྐྱང་བཟོ་ཚོང་ཚོང་དུད་ཁྲི་721.6གསར་དུ་བཙུགས་པ་དེ། དུས་མཚུངས་ལས་17.4%འཕར་ཡོད། གསར་གཉེར་ཁྲལ་འབྲེལ་ཚོང་གཉེར་ཚོང་དུད་ཁྲོད་ལོ་དེར་འཛིན་ཤོག་ལེན་པ་དང་ཡོང་འབབ་ཡོད་པ་རེ་ཞུ་བྱེད་པའི་གསར་གཉེར་ཁྲལ་འབབ་མང་བའི་ཚོང་དུད་ཁྲི་832.1ཟིན་པ་དེ། དུས་མཚུངས་ལས་5.8%འཕར་བ་དང་། དེས་གསར་གཉེར་ཚོང་དུད་ཡོངས་ཀྱི་66.2%ཟིན་ཞིང་། དུས་མཚུངས་ལས་བརྒྱ་ཆའི་གནས་1.1འཕར་ནས། ཁྲལ་བསྡུའི་འཕར་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

  ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་ཕྱི་རྒྱལ་གྱི་ཚོང་པས་གསར་དུ་གཉེར་བའི་ཁྲལ་འབྲེལ་ཚོང་གཉེར་གཙོ་གཟུགས་ཚོང་དུད་ཁྲི་4.7ལ་མ་འཇོག་བྱས་པ་དེ། དུས་མཚུངས་ལས་4.5%འཕར་བ་དང་། རྒྱུད་གཅིག་ལམ་གཅིགགི་རྒྱལ་ཁབ་ཀྱི་མ་འཇོག་གསར་གཉེར་ཚོང་དུད་དུས་མཚུངས་ལས་26.2%འཕར་ནས། ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱ་ཤུགས་མང་དུ་ཕྱིན་ཡོད། པེ་ཅིང་རྒྱལ་ཁབ་རྩིས་གཉེར་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལི་ཤུས་ཧུང་གིས། ང་ཚོས་གྲུབ་གཞིའི་རང་བཞིན་གྱི་ཁྲལ་འཕྲི་གྲོན་གཅོག་གི་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། ལྷག་པར་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས། ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན། དེས་ཁྲོམ་རའི་སེམས་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་འདུག

中央广播电视总台 央广网 版权所有

དུས་ཚིགས་དང་པོ་ནས་གསུམ་པའི་བར་གསར་གཉེར་ཁྲལ་འབྲེལ་ཚོང་གཉེར་གཙོ་གཟུགས་ཚོང་དུད་ཁྲི་1257.8ཟིན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ།

ལྷག་པར་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས། ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན། དེས་ཁྲོམ་རའི་སེམས་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་འདུག