ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་དང་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་གཉིས་ཀྱིས་གྲོས་མོལ་གནང་བ།

2024-11-27 09:25:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྤྱི་ཟླ་11ཚེས་26ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་དང་གྲོས་མོལ་གནང་ཡོད།

ལི་ཆང་གིས་ཀྲུང་གོ་དང་ས་མོ་ཡ་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མཁྱེན་ལྡན་མ་དང་མཇལ་འཛོམས་གནང་ནས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་བཀོད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་མོ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ས་མོ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་པའི་གྲོགས་པོ་ཟོལ་མེད་དང་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱེད་པའི་རོགས་ཟླ་གལ་ཆེན་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།

ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ས་མོ་ཡ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་སྒོ་ནས"་རྒྱུད་གཅིག་ལམ་གཅིག་"མཉམ་སྐྲུན་བྱ་རྒྱུས་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཉོ་ཚོང་མ་འཇོག་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཞིང་ལས་དང་ཉ་ལས། སྤུས་གཙང་ནུས་ཁུངས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་དང་། ཀྲུང་གོ་ཕྱོགས་ཀྱིས་ས་མོ་ཡ་ཕྱོགས་ཀྱི་སྤུས་ལེགས་ཞིང་ཞོར་ཐོན་ཟོག་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མི་སྣ་འགྲོ་འོང་སྔར་བས་སྟབས་བདེ་ཡོང་བ་བྱས་ཏེ་ཡུལ་སྐོར་དང་། སྨན་བཅོས། སློབ་གསོ། གཞོན་ནུ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་ས་མོ་ཡའི་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ས་མོ་ཡ་གཉིས་ནི་"གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་"རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང་། ཀྲུང་གོའི་ཕྱོགས་ནས་ས་མོ་ཡ་ཕྱོགས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཐུན་མོང་ཐོག་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་འཇལ་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་བསྟན་ཡོད།

 ཧྥེ་ཡ་མེ་ཡིས་ཀྲུང་གོའི་འཕེལ་རྒྱས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ས་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་དང་། སང་ལོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ནས་རྒྱུད་གཅིག་ལམ་གཅིག་"མཉམ་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་ནང་ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མི་ཆོས་རིག་གནས་དང་ས་གནས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་པ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་བསྟན་ཡོད།

གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། དཔལ་འབྱོར་འཕེལ་རྒྱས། སློབ་གསོ་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་ཡོད།

གྲོས་མོལ་མ་གནང་གོང་། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཧྥེ་ཡ་མེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཡོད།

ཝུའུ་ཀྲེང་ལུང་གོང་གསལ་བྱེད་སྒོར་ཞུགས་ཡོད།

སྤྱི་ཚེས་26ཉིན་གྱི་ཕྱི་དྲོར།  ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ་ཡོད།

中央广播电视总台 央广网 版权所有

ལི་ཆང་དང་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་གཉིས་ཀྱིས་གྲོས་མོལ་གནང་བ།

གྲོས་མོལ་མ་གནང་གོང་། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཧྥེ་ཡ་མེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཡོད།