ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྐབས་­12­པའི་གྲངས་ཉུང་མི་རིཊ་སྲོལ་རྒྱུན་ལུས་རྩལ་འགྲན་ཚོཊ་འགོ་ཚུཊ།

2024-11-24 10:44:00     责编:娜科

  སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤྱི་ཚེས་22ཉིན་ཧའེ་ནན་སན་ཡ་རུ་གཟབ་རྒྱས་ངང་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

  སན་ཡ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུམི་རིགས་56མཉམ་དུ་དགའ་སྤྲོའི་མཉམ་འཛོམས་བྱས་ཡོད། འགོ་ཚུགས་མཛད་སྒོའི་ཐོག འཐུས་མི་ཚོགས་པ་ཁག་དང་ས་ཡུལ་དངོས་ཀྱི་གཟིགས་མོ་བ་སུམ་ཁྲི་ལྔ་སྟོང་ལྷག་གིས་རྒྱལ་དར་གཟབ་སྦྲེང་རུ་ཁག་ཚོགས་རར་ཕེབས་པར་བསུ་བ་ཞུས་ཡོད།  མདུན་སྐྱོད་ཁྲོད། འཐུས་མི་ཚོགས་པ་ཁག་གིས་སྐར་ཆ་30ཡི་འཁྲབ་སྟོན་བྱས་ཡོད། ལུས་རྩལ་ཐང་དུ་འཛུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་སྐར་ལྔའི་དར་དམར་རླུང་བའི་ལྡང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་ཡོད།

  ཆུ་ཚོད་21ཐོག ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

  དེ་རྗེས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་ཡིས། སེམས་པ་དང་ཕུགས་འདུན་གཅིག་མཐུན་གྱིས་རྒྱང་ལམ་གསར་པར་སྐྱོད”ཅེས་པས་བརྗོད་བྱ་གཙོ་བོ་བྱས་པའི་རིག་གནས་ལུས་རྩལ་གྱི་འཁྲབ་སྟོན་འགོ་ཚུགས་ཡོད། འཁྲབ་སྟོན་དེ“གནམ་འོག་གཅིག་མཐུན་”དང་། “ཀྲུང་ཧྭ་གཞི་གཅིག” “མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ”བཅས་ལེའུ་གསུམ་ལ་དབྱེ་བ་དང་། མི་རིགས་ཁག་གི་བུ་ཕྲུག་ཚོས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་འཆི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མཐུན་སྒྲིལ་འབད་འཐབ་དང་རྒྱང་ལམ་གསར་པར་སྐྱོད་པ། ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བ་བཅས་མངོན་པར་བྱས་ཡོད།

  སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་9ཡིན་པ་དང་། མི་རིགས་ཁག་གི་ལུས་རྩལ་པ་6960ཡིས་འགྲན་བསྡུར་རྣམ་གྲངས་18དང་འཁྲབ་སྟོན་རྣམ་གྲངས་170ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

  འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ཝང་ཧུའུ་ཉིང་གིས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་དང་། འཐུས་མི་ཚོགས་པ་ཁག་གི་འཐུས་མི། ལུས་རྩལ་པའི་འཐུས་མི་བཅས་དང་ཐུག་འཕྲད་གནང་བ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམས་སྟོན་དང་། ཧའེ་ནན་གྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་གནང་ཡོད། ཁོང་གིས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་མཁན་ཡག་པོ་ཞིག་དང་། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་མཁན་ཡག་པོ་ཞིག སེམས་ནུས་གཅིག་སྒྲིལ་རྒྱུན་འཁྱོངས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་ཡག་པོ་ཞིག་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་ཡོད།

  ཧྲི་ཐའེ་ཧྥུང་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

  ཞུ་དག ཟླ་བ་ཚེ་རིང་།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

   

中央广播电视总台 央广网 版权所有

སྐབས་­12­པའི་གྲངས་ཉུང་མི་རིཊ་སྲོལ་རྒྱུན་ལུས་རྩལ་འགྲན་ཚོཊ་འགོ་ཚུཊ།

མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་ཡོད།