ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་བ་1པོ་ནས་10པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་སུ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་10.6འཕར་བ།

2024-11-22 15:13:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་21ཉིན་ཚོང་དོན་པུས། ད་ལོའི་ཟླ་བ་1པོ་ནས་10པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱེད་ཚད་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་10.6འཕར་ཡོད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧ་ཡོང་ཆན་གྱིས། ཟླ་བ་1པོ་ནས་10པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་འཇོག་མཉམ་ལས་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད།
ཧ་ཡོང་ཆན་གྱིས། སྤྱི་ལོ་2024ལོའི་ཟླ་བ་1པོ་ནས་10པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1158.3ཟིན་ཡོད་པ་དང་། དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་10.6འཕར་ཡོད། ཟླ་བ་1པོ་ནས་10པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་སུ་འགན་གཙང་བླངས་པའི་ལས་གྲའི་ཚོང་གཉེར་རིན་ཐང་ཨ་སྒོར་དུང་ཕྱུར་1243.8ལེགས་གྲུབ་ཟིན་པ་དང་། དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་2.0ཟིན་ཡོད། གན་རྒྱ་གསར་པ་བཞག་པའི་དངུལ་ཨ་སྒོར་དུང་ཕྱུར་1776.5ཟིན་པ་དང་། དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་15.3འཕར་ཡོད་ཅེས་བསྟན་ཡོད་པ་རེད།
ཉེ་ཆར་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་31པ་ཕི་རུའི་ལི་མར་སྐོང་ཚོགས་བྱས་ཡོད། མགྲིན་ཚབ་པས། ད་ཐེངས་ཀྱི་གྲོས་ཚོགས་ཐོག་ཕྱོགས་ཁག་གིས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་སུ་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་འབྲེལ་ཐག་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་ཉོ་ཚོང་དང་ལྗང་མདོག་ཐན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་གྲུབ་འབྲས་དང་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།
ཧ་ཡོང་ཆན་གྱིས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་འཛུགས་པ་ནི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བིའ་ཐུན་མོང་བསམ་འདུན་ཞིག་རེད། ཐེངས་འདིའི་གྲོས་ཚོགས་ཐོག་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྲོས་རིམ་གྱི་རྒྱང་ལྟ་གསར་པའི་སྐོར་གྱི་གསལ་བསྒྲགས་ཞེས་པར་གྲོས་འཆམ་བྱུང་ཡོད་པས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ཆེད་འཛུབ་སྟོན་ཡིག་ཆ་གསར་པ་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད།
ཀྲུང་གོའི་ཚོང་དོན་པུས་ཉེ་ཆར་ལྗར་པན་དང་ཨོ་སེ་ཁྲུ་ལི་ཡ། ཕི་རུ། ཁ་ན་ཏ་སོགས་དང་ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བ་ཁྱོན་ཡོངས་དང་ཡར་ཐོན་གྱི་གྲོས་ཆོད་ཞེས་པའི་ཁོངས་གཏོགས་རྒྱབ་ཁབ་དང་གྲོས་ཚོགས་སྐོང་ཚོགས་བྱས་ཡོད། ཀྲུང་གོ་ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བ་ཁྱོན་ཡོངས་དང་ཡར་ཐོན་གྱི་གྲོས་ཆོད་ཞེས་པའི་ནང་ཞུགས་པའི་སྐོར་གྱི་འཕེལ་རིམ་གནས་ཚུལ་ཐད། ཚོང་དོན་པུས་ཀྱང་ལན་ཆ་བྱས་ཡོད།
ཧ་ཡོང་ཆན་གྱིས། ཀྲུང་གོས་གྲོས་ཆོད་ཀྱི་ནང་དོན་ལ་དབྱི་ཞིབ་དང་དཔྱད་དཔོགས་གཏིང་ཟབ་བྱས་པ་དང་། ཚོང་ཟོག་ཉོ་ཚོང་ཞབས་ཞུ་དང་ཉོ་ཚོང་མ་འཇོག  སྲིད་གཞུང་གི་ཉོ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་ཁྲོམ་རར་ཞུགས་པའི་ཐད་གོང་ཚད་འདོན་པའི་གྲ་སྒྲིག་ཡག་པོ་བྱས་ཟིན་ཡོད། དེ་དང་དུས་མཚུངས་གྲོས་ཆོད་ནང་ཞུགས་པའི་གོ་རིམ་དང་བླང་བྱ་ལྟར། ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བ་ཁྱོན་ཡོངས་དང་ཡར་ཐོན་གྱི་གྲོས་ཆོད་ཞེས་པའི་ཁོངས་གཏོགས་རྒྱབ་ཁབ་དང་བང་རིམ་ཁག་དང་ཐབས་ལམ་མང་བའི་སྤེལ་རེས་བྱས་ཡོད་པ་མ་ཟད། ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བ་ཁྱོན་ཡོངས་དང་ཡར་ཐོན་གྱི་གྲོས་ཆོད་ཀྱི་ཨུ་ཡོན་ལྷན་ཁང་ལ་ཀྲུང་གོ་ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བ་ཁྱོན་ཡོངས་དང་ཡར་ཐོན་གྱི་གྲོས་ཆོད་ནང་ཞུགས་པའི་ཕྱི་ཕྱོགས་སྤེལ་རེས་ཡིག་ཆ་མཁོ་འདོན་བྱས་ཏེ། ཀྲུང་གོས་གྲོས་ཆོད་དེ་ཚད་གཞི་མཐོ་པོ་ཡོང་བའི་ཆོད་སེམས་དང་ནུས་པ། བྱ་སྤྱོད་བཅས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

中央广播电视总台 央广网 版权所有

ཟླ་བ་1པོ་ནས་10པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་སུ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་10.6འཕར་བ།

ད་ལོའི་ཟླ་བ་1པོ་ནས་10པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱེད་ཚད་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་10.6འཕར་ཡོད།