ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྙིང་ཚབ་གསར་བརྗེར་བརྟེན་ནས་ཁྲོམ་རའི་འཛད་སྤྱོད་གསོན་ཤུགས་འཕེལ་བ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

2024-10-29 15:55:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག ས་གནས་ཁག་གི་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གྲོང་མིའི་འཚོ་བ་སྐྱིད་སྣང་དོད་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། 
ད་ལོ་ནས་བཟུང་། ཧྲན་ཏུང་གིས་འཛད་སྤྱོད་དངོས་རྫས“རྙིང་ཚབ་གསར་བརྗེའི”བྱ་སྤྱོད་སྤེལ་བ་དང་། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཧྲན་ཏུང་ཞིང་ཆེན་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་5.2%འཕར་ནས། ཟླ་བ་18བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཧྲན་ཏུང་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཧུང་གིས། ཁྱིམ་སྤྱོད་གློག་ཆས་རྙིང་གསབ་གསར་བརྗེ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཚུན། ཞིང་ཆེན་དེ་ཡོངས་ཀྱིས་ཁྱིམ་སྤྱོད་གློག་ཆས་ཁྲི་163.8བཙོངས་པར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་13.6སྤྲད་ཡོད་ཅེས་གསུངས་འདུག
གྲོང་མིའི་འཛད་སྤྱོད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དེའང་སྟོད་རྒྱུད་ཀྱི་ཐོན་སྐྱེད་ཁེ་ལས་ལ་ཁྱབ་ཡོད། ཀྲེ་ཅང་ཅིན་ཧྭ་ལན་ཞི་གྲོང་ཁྱེར་དུ་གྲུབ་ཆ་ཆུང་གྲས་ཀྱི་འོད་རིག་སྐྱི་པགས་དང་བྱེད་ནུས་སྐྱི་པགས་སོགས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱི་འགན་འཁུར་བ་ཡུས་ཧྭ་ཡིས། རྙིང་ཚབ་གསར་བརྗེའི་སྲིད་ཇུས་བཏོན་ཚུན། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་ཁག་ལས་བྲེལ་ཆེ་རུ་ཕྱིན་ཡོད། ད་ལྟ་ང་ཚོས་བརྒྱ་ཆ་ལྔ་བཅུ་མ་ཟིན་ཙམ་འཕར་སྣོན་བྱས་པས། དེ་སྔ་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་བརྒྱད་བརྒྱ་ཙམ་རེད། འོན་ཀྱང་ད་ཆ་སྒོར་ཁྲི་ཆིག་སྟོང་བཞི་བརྒྱ་ནས་ཁྲི་ཆིག་སྟོང་ལྔ་བརྒྱ་བར་ཟིན་གྱི་ཡོད་ཅེས་ངོ་སྤྲོད་གནང་འདུག
ལན་ཞི་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཀྲན་ཧྭ་ཡིས། གོམ་སྟབས་རྗེས་མར་མུ་མཐུད་རྙིང་ཚབ་གསར་བརྗེའི་བྱེད་སྒོའི་ནང་ཞུགས་རྒྱ་ཆེ་རུ་བཏང་ནས། འཛད་སྤྱོད་ཁྲོམ་རའི་འཁྲུག་ཆ་དོད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་ཡོད། 
ཧྲན་ཞི་ཏ་ཐུང་དུ་རླངས་འཁོར་བྲིན་ཚོང་བྱེད་མང་ཤོས་ཀྱི་དུས་སུ་སླེབས་ཡོད། འཛད་སྤྱོད་པ་སྐུ་ཞབས་ཀྲོའུ་ལགས་ཀྱིས“རྙིང་ཚབ་གསར་བརྗེའི”སྲིད་ཇུས་ལ་རྒྱུས་མངའ་བྱུང་རྗེས། དེ་འཕྲལ་རླངས་འཁོར་གསར་པ་ཞིག་མངག་ཉོ་བྱས་པ་ཡིན་ཞེས་དང་། ཁོང་གིས། ཁ་གསབ་རོགས་དངུལ་དེ་ཡོད་པས། སྒོར་ཁྲི་2གྲོན་ཆུང་ཐུབ་བྱུང་། སྲིད་ཇུས་དེ་མེད་ཚེ་རླངས་འཁོར་ཉོ་རྩིས་མེད། ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་ཡོད་པ་ཤེས་པས། ལམ་སེང་རླངས་འཁོར་ཞིག་ཉོས་པ་ཡིན་ཞེས་བརྗོད་འདུག 
ཏ་ཐུང་གྲོང་ཁྱེར་རླངས་འཁོར་མཐུན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་ཐའོ་ཡུང་ཅུན་གྱིས། སྲིད་ཇུས་གཞིར་བཟུང་། སྐུ་ཞབས་ཀྲོའུ་ལགས་དང་འདྲ་བས་སྒོར་ཁྲི་20མན་གྱི་འབར་སྣུམ་རླངས་འཁོར་དང་ནུས་རྒྱུ་གསར་པའི་རླངས་འཁོར་བརྗེ་པོ་རྒྱག་པའམ་ཉོ་མཁན་གྱི་འཛད་སྤྱོད་པར་ཁག་སོ་སོར་སྒོར་ཁྲི་1.3དང་སྒོར་ཁྲི་1.5ཡི་ཁ་གསབ་རག་གི་ཡོད་ཅེས་ངོ་སྤྲོད་གནང་འདུག

中央广播电视总台 央广网 版权所有

རྙིང་ཚབ་གསར་བརྗེར་བརྟེན་ནས་ཁྲོམ་རའི་འཛད་སྤྱོད་གསོན་ཤུགས་འཕེལ་བ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག