ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་རྒན་རྒོན་དང་བྱིས་པའི་འགན་སྲུང་ཆུ་ཚད་ཉེ་བའི་ལོ་ལྔའི་རིང་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

2024-10-22 14:47:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ཚེས་21ཉིན། ཉེ་བའི་ལོའི་རིང་། རང་རྒྱལ་གྱི་རྒན་གསོའི་ཞབས་ཞུ་སྣ་མང་མཁོ་འདོན་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། བྱིས་པའི་ཕན་བདེའི་ཞབས་ཞུ་བྱ་ཡུལ་ཡང་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཡོད་པས། དམངས་སྲིད་ཀྱི་ལས་དོན་ཁག་ལ་མཆོངས་བརྒལ་རྣམ་པའི་གོང་འཕེལ་བྱུང་ཡོད་ཅེས་གསུངས་ཡོད།

    དུས་ཚིགས་དང་པོ་ནས་དུས་ཚིགས་གཉིས་པའི་དུས་མཇུག་བར། རྒྱལ་ཡོངས་ཀྱི་རིགས་ཁག་གི་རྒན་གསོའི་ཞབས་ཞུའི་ཚན་པ་དང་། སྒྲིག་ཆས་ཁྲི་41ཡོད་པའི་ནང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཚན་པ་དང་སྒྲིག་ཆས་ཁྲི་36.9ཡོད། དེ་2019ལོ་དང་བསྡུར་ན་ཁག་སོ་སོར་ལྡབ་1དང་ལྡབ་1.2འཕར་ཡོད། དམངས་སྲིད་པུའི་རྒན་གསོ་ཞབས་ཞུ་སེའི་སེ་ཀྲང་གཞོན་པ་ལི་ཡུང་ཤིན་གྱིས། ཀུན་ཕན་གྱི་རྒན་གསོའི་ཆེད་དོན་དངུལ་བུན་དང་། གསར་སྤེལ་རང་བཞིན་གྱི་དངུལ་རྩ་སོགས་རྒྱབ་སྐྱོར་བྱ་ཐབས་ལག་བསྟར་བྱེད་པ་དང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ཞིབ་འཇུག་དང་འཐུས་ཚང་དུ་བཏང་ནས། རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་དང་དཔྱད་དཔོག་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བས། ཁྱིམ་དུ་སྡོད་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་གསུངས་ཡོད།

    རང་རྒྱལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་མི་དུང་ཕྱུར་10དང་བྱེ་བ་6ལྷག་ལ་ཁྱབ་ཡོད་པ་དང་། ཁེ་ལས་དང་ལས་ཁུངས་ཀྱི་བྱ་གཞག་ཚན་པའི་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་དེ་མཐོ་རུ་ཐེངས་མང་བཏང་ཡོད། དམངས་སྲིད་པུའི་རྒན་རྒོན་ལས་དོན་སེའི་སེ་ཀྲང་གཞོན་པ་ལེའོ་མིང་གིས། རྒན་རྒོན་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། རྒན་རྒོན་གྱི་སྤྱོད་ཆས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒན་རྒོན་ཐོན་ལས་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒན་རྒོན་གྱི་དགོས་མཁོ་དེ་བས་ཡག་པ་སྐོངས་ཡོད་ཅེས་གསུངས་ཡོད།

    གཞན་ཡང་། རང་རྒྱལ་གྱི་བྱིས་པའི་ཕན་བདེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཞབས་ཞུ་བྱ་ཡུལ་ཡང་རིམ་བཞིན་དོན་དངོས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་དང་། གཞིས་ལུས་བྱིས་པ། རང་སྡོམ་ནད་ཡོད་པའི་བྱིས་པ་སོགས་དཀའ་ངལ་སྣ་ཚོགས་ཁྲོད་ལུས་པའི་བྱིས་པའི་བར་རྒྱ་སྐྱེད་བྱུང་ཡོད། དམངས་སྲིད་པུའི་བྱིས་པའི་ཕན་བདེ་སེའི་སེ་ཀྲང་གཞོན་པ་ཀྲའོ་ཡུང་གིས། དྭ་ཕྲུག་དང་། དོན་དངོས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལོ་ལྟར་མཐོ་རུ་བཏང་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བར་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་ལེན་གྱི་ཚད་གཞི་རང་བྱུང་དུ་འཕར་སྣོན་འགྲོ་བའི་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་ཡོད། ཀྲའོ་ཡུང་གིས། དོན་དངོས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་ལོ་18ལ་སླེབས་ཀྱང་སྔར་བཞིན་སློབ་གྲྭར་འགྲོ་མཁན་ཡིན་ན། མུ་མཐུད་གཞི་རྩའི་འཚོ་བའི་འགན་ལེན་གྱི་གཟིགས་སྐྱོང་ལོངས་སྤྱོད་བྱ་རྒྱུ་ཡོད་པའམ་ཡང་ན་སློབ་སྐྱོར་རོགས་དངུལ་ལེན་ཆོག་གི་ཡོད། ད་ལོའི་ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཁྱོན་དོན་དངོས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་ཁྱོན་ཁྲི་41.4འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་དང་། འགན་ལེན་གྱི་ཚད་གཞི་དེ་ཆ་སྙོམས་མི་རེར་ཟླ་བ་རེར་སྒོར་1484.1ཡིན་པ་དང་། གང་དེ་རིགས་ཁག་གི་དཀའ་ངལ་ཡོད་པའི་ཁྱུ་ཚོགས་ཀྱི་འགན་ལེན་ཚོད་གཞིའི་ཁྲོད་མདུན་གྲལ་དུ་སླེབས་ཀྱི་ཡོད་ཅེས་གསུངས་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་རྒན་རྒོན་དང་བྱིས་པའི་འགན་སྲུང་ཆུ་ཚད་ཉེ་བའི་ལོ་ལྔའི་རིང་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

འགན་ལེན་གྱི་ཚད་གཞི་དེ་ཆ་སྙོམས་མི་རེར་ཟླ་བ་རེར་སྒོར་1484.1ཡིན་པ་དང་། གང་དེ་རིགས་ཁག་གི་དཀའ་ངལ་ཡོད་པའི་ཁྱུ་ཚོགས་ཀྱི་འགན་ལེན་ཚོད་གཞིའི་ཁྲོད་མདུན་གྲལ་དུ་སླེབས་ཀྱི་ཡོད་ཅེས་གསུངས་ཡོད།