ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་མཇལ་འཕྲད་གནང་བ།

2024-09-13 11:00:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་གྱི་སྔ་དྲོ་ཨ་པུ་ཀྲ་པི་རུ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་མུ་ཧན་མུ་ཏེ་དང་མཇལ་འཕྲད་གནང་ཡོད།

  ལི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མུའུ་ཧན་མུ་ཏེ་ལ་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་བྱས་ཡོད། ལི་ཆང་གིས། ཉེ་བའི་ལོའི་ནང་། ཀྲུང་གོ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་བཞིན་ཡོད་པ་དང་། དངོས་གཉེར་མཉམ་ལས་དེ་ཡང་ཀྲུང་གོ་དང་དབུས་ཤར་རྒྱལ་ཁབ་མཉམ་ལས་བྱེད་པའི་མདུན་གྲལ་དུ་སླེབས་ཡོད། ད་ལོའི་ཟླ་ལྔ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་སྐུ་ཞབས་དང་མཇལ་འཛོམས་གནང་ནས། ཀྲུང་གོ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་འཕེལ་གཏིང་ཟབ་ཏུ་གཏོང་རྒྱུར་འཐབ་ཇུས་ཀྱི་འཆར་འགོད་གནང་ཡོད། ཀྲུང་གོ་ཕྱོགས་ནས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་གཙོའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མ་འཇོག་མཉམ་ལས་ཀྱི་མཐོ་རིམ་རིམ་པའི་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་ཆེར་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་སོགས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རང་མོས་ཉོ་ཚོང་གི་གྲོས་བཅད་གྲོས་མོལ་གང་སྔ་ལེགས་སྒྲུབ་ཡོང་བ་བྱ་འདོད་ཡོད་ཅེས་གསུངས་ཡོད།

  མུའུ་ཧན་མུ་ཏེས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རོགས་ཞེས་ཞུས་པ་དང་། ཁོང་གིས། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུས་ནས། ཀྲུང་གོ་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་འཐབ་ཇུས་རོགས་ཟླ་བྱེད་འདོད་ཡོད་པ་དང་། དཔལ་འབྱོར་ཉོ་ཚོང་དང་། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཅེས་གསུངས་ཡོད།

中央广播电视总台 央广网 版权所有

ལི་ཆང་གིས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་མཇལ་འཕྲད་གནང་བ།

མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཅེས་གསུངས་ཡོད།