ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀན་སུའུ་ལན་ཀྲོའུ་ཡིས་གྲོང་གསེབ་ཀྱི་ཐོན་དབང་ཉོ་ཚོང་ཚད་ལྡན་དུ་བཏང་བ་དང་། གྲོང་གསེབ་ཀྱི་རྒྱུ་ནོར་ལས་གསོན་ཤུགས་རྒྱས་པ།

2024-08-14 11:03:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།       ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏུ།  གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀྱིས་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ཐོག་ནས་བརྗེ་རེས་དང་ཁ་ཕྱོགས་གཉིས་ལྡན་གྱི་འགུལ་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།  གྲོང་གསེབ་ཀྱི་བེད་སྤྱོད་དེ་ཙམ་ཡག་པོ་ཐུབ་མེད་པའི་ཐོན་ཁུངས་རྒྱུ་ནོར་བེད་སྤྱོད་བྱེད་པར་ཐོན་དབང་ནང་བཤུག་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ་དེ་འགག་རྩ་རེད། སྤྱི་ལོ་༢༠༢༣ལོར།  རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་གསེབ་ཀྱི་ཐོན་དབང་ནང་བཤུག་དང་ཉོ་ཚོང་ཚད་ལྡན་ཅན་གྱི་ཚོད་ལྟའི་ལས་དོན་འགོ་བཙུགས་ཟིན་པ་དང་།  ཚོད་ལྟའི་ལས་འགན་ལ་མཆན་འགོད་བཀའ་ལན་གནང་བ་ནས་བཟུང་།  ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་པ་དང་།  གྲོང་གསེབ་ཀྱི་ཐོན་དབང་ནང་བཤུག་ཉོ་ཚོང་མ་ལག་དང་ལྟ་འདོམས་ལམ་སྲོལ་བཙུགས་པ། བསྒྱུར་བཅོས་ཀྱི་སྒུལ་ཤུགས་སྐུལ་སྤེལ་ཟམ་མི་ཆད་པར་བྱེད་པ་བཅས་ཀྱི་ཐོག་ནས།  གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།

           ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་ཀའོ་ཡ་གྲོང་རྡལ་ཞའོ་ཡིང་ཙེ་གྲོང་ཚོར་ སྔོན་ཆད་རྨོ་ཞིང་ཐར་ཐོར་དུ་གནས་པ་དང་།  རྨོ་འདེབས་ཀྱི་མ་གནས་མཐོ་བ།  ཐོན་སྐྱེད་ཀྱི་ལས་ཕྱོད་དམའ་བ་སོགས་ཀྱི་གནད་དོན་ཡོད།  ད་ཆ།  ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་བཞིན་ཡོད།  མི་རིང་བའི་གོང་དུ།  གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དེས་ས་ཞིང་མུའུ་༡༠༧༩ཡི་ཁེ་གཉེར་དབང་ཆ་དེ་ལན་ཀྲོའུ་ཡི་ཞིང་ལས་གོང་འཕེལ་ཀུང་སི་ཞིག་ལ་ནང་བཤུག་བཏང་ཡོད། ཞའོ་ཡིང་ཙེ་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི་ཆི་ཞའོ་ཅུན་གྱི་བསམ་ཡུལ་ལས་འདས་པ་ཞིག་ནི་ནང་བཤུག་སུ་བཏང་བའི་གོང་ཚད་དེ་སྔོག་དཔག་བྱས་པ་ལས་ལྡབ་ཀྱིས་མཐོ་བ་བྱུང་ཡོད།

  ཆི་ཞའོ་ཅུན་གྱིས།  མུའུ་རེར་སྒོར་༦༠༠ལྟར་ཕྱིར་ཁྱབ་བསྒྲགས་བྱས་ཡོད། མཇུག་ཏུ་མུའུ་རེར་སྒོར་༧༨༠ཡི་ཐོག་ནས་ཚོང་འགྲིག་བྱུང་། བསམ་ཚོད་དང་བསྡུར་ན་རིན་གོང་མཐོ་པོ་རག་བྱུང་། ངོ་མ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད།

       གྲོང་ཚོ་མཉམ་སྡེབ་ཀྱི་ནང་བཤུག་སུ་བཏང་བའི་ས་ཞིང་གིས་གྲོང་མི་རྣམས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད།  ད་རེས་ནང་བཤུག་སུ་བཏང་བའི་གྲས་སུ་གྲོང་མི་ཀུའོ་ཞའོ་མའེ་ཚང་གི་ས་ཞིང་མུའུ་དྲུག་ཡོད། སྔོན་ཆད་ས་ཞིང་ཁོང་སྒེར་གྱིས་ཀྭ་རིགས་འདེབས་མཁན་ཞིག་ལ་ནང་བཤུག་བཏང་བས་མུའུ་རེར་མང་ཤོས་སུ་སྒོར་༥༥༠ལས་རག་གི་མེད། ད་རེས་ནང་བཤུག་གཏོང་སྐབས།  མཉམ་ལས་ཁང་གི་དོ་དམ་གླ་རིན་འཐེན་པའི་རྗེས་ད་དུང་མུའུ་རེ་ནས་སྒོར་༦༥༠རག་ཡོད།

      སྤྱི་ལོ་༢༠༢༣ལོའི་ཟླ་༡༡པའི་ནང་།  ལན་ཀྲོའུ་གྲོང་ཁྱེར་དེ་ཉིད་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་གྲོང་གསེབ་ཐོན་དབང་ནང་བཤུག་དང་ཉོ་ཚོང་ཚད་ལྡན་ཅན་གྱི་རྒྱལ་ཁབ་རིམ་པའི་གྲོང་ཁྱེར་ཧྲིལ་པོའི་ཚོད་ལྟའི་ས་ཚིགས་ཉག་གཅིག་དེར་གཏན་འཁེལ་བྱུང་བ་དང་། ལན་ཀྲོའུ་ཡི་གྲོང་གསེབ་ཐོན་དབང་ཉོ་ཚོང་ལྟེ་གནས་ཀྱིས་གྲོང་གསེབ་ཀྱི་གཉེར་སྐྱོང་བྱེད་པོ་ཁག་ལ་ཆ་འཕྲིན་ཁྱབ་བསྒྲགས་དང་།  ཉོ་ཚོང་སྒྲིག་འཛུགས།   ཐོན་དབང་བརྗེ་རེས་ཀྱི་ཐོ་འགོད་ལ་རོགས་རམ།   རྒྱུ་ནོར་དཔྱད་དཔོག  གཏའ་འཇོག་མ་རྩ་མཉམ་འདྲེས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།

     ཉོ་ཚོང་ལྟེ་གནས་ཀྱི་འཆར་ཤེལ་ཆེན་པོའི་ཐོག་ཏུ།  རིགས་ཁག་གི་གྲོང་གསེབ་ཐོན་དབང་ནང་བཤུག་ཀྱི་ཆ་འཕྲིན་སྟོན་བཞིན་ཡོད་པ་དང་།   དོན་ཚན་རེ་རེའི་ནང་དངོས་པོ་གང་དེའི་གཞི་རྩའི་གནས་ཚུལ་དང་།  ནང་བཤུག་གི་ཆ་རྐྱེན།  སྔོན་དཔག་རིན་གོང་བཅས་གསལ་པོར་བཀོད་ཡོད་པ་དང་། ཆ་འཕྲིན་ཁ་གསལ་བ་དང་ཡོངས་བསྒྲགས་ཐུབ་རྒྱུ་འགན་ལེན་བྱས་པས། རྒྱལ་ཡོངས་ཀྱི་འདོད་མོས་ཡོད་པའི་མ་འཇོག་མཁན་ཚང་མས་དྲ་ཐོག་ནས་ཉོ་ཚོང་གི་ཐོ་བཀོད་བྱེད་ཆོག་གི་ཡོད། 

  ལན་ཀྲོའུ་ཡི་གྲོང་གསེབ་ཐོན་དབང་ཉོ་ཚོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུའུ་ཝེ་ཨེན་གྱིས། དྲ་ཐོག་ཏུ་ཁ་གསལ་གཏིང་གསལ་གྱི་ཐབས་ལམ་བརྒྱུད་རྗེས།  ཐོན་ཁུངས་དང་ཡང་ན་རྒྱུ་ནོར་གྱི་རིན་ཐང་དེ་རིན་གོང་འགྲན་རྩོད་བྱེད་པའི་ཐོག་ནས་གང་ལེགས་སྔོག་འདོན་ཐུབ་པ་དང་། ལག་ལེན་ངོ་མའི་ཐོག་ནས་དངོས་པོ་གང་དེའི་ཁྲོམ་རའི་རིན་གོང་གང་ལེགས་མངོན་ཐུབ་ཅེས་གསུངས་ཡོད། 

     གོང་ཚད་མཐོ་པོས་འཚོང་ཐུབ་པ་དང་། འགན་ལེན་ཡོད་པའི་ངང་འཚོང་ཐུབ་པ་བྱ་ཆེད། ལན་ཀྲོའུ་གྲོང་ཁྱེར་གྱིས་གྲོང་གསེབ་ཐོན་དབང་ནང་བཤུག་དང་ཉོ་ཚོང་གི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ལན་ཀྲོའུ་གྲོང་ཁྱེར་གྱི་གྲོང་གསེབ་ཐོན་དབང་ནང་བཤུག་དང་ཉོ་ཚོང་གི་དོ་དམ་བྱ་ཐབས་ཞེས་པ་པར་འགྲེམས་བྱས་ཏེ། གྲོང་གསེབ་ཐོན་དབང་ཉོ་ཚོང་གི་སྒྲིག་སྲོལ་ཁག་15གཏན་འཁེལ་བྱས་ཤིང་། ཉོ་ཚོང་ལ་སྲིད་ཇུས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།

  མིག་སྔར། ལན་ཀྲོའུ་གྲོང་གསེབ་ཐོན་དབང་ཉོ་ཚོང་ལྟེ་གནས་ཀྱི་ཉོ་ཚོང་རྣམ་གྲངས་དེ་ས་ཆའི་ནང་བཤུག་ཙམ་མ་ཟད། གཞན་ད་དུང་ནགས་ཚལ་དབང་ཆ་དང་། གྲོང་གསེབ་མཉམ་སྡེབ་ཀྱི་ཚོང་གཉེར་རང་བཞིན་གྱི་རྒྱུ་ནོར། ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་བཀོད་དང་སྒྲིག་ཆས། ཆུ་བེད་སྒྲིག་ཆས་ཆུང་ངུའི་བཀོལ་སྤྱོད་དབང་ཆ། ཞིང་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་སོགས་རིགས་17ཚུད་ཡོད། མིག་སྔའི་བར་ཐོན་དབང་ཉོ་ཚོང་ལྟེ་གནས་ཀྱི་ཉོ་ཚོང་གཞི་ཁྱོན་སྒོར་དུང་ཕྱུར་2.73ཟིན་ཡོད་པ་དང་། ཉོ་ཚོང་རྣམ་གྲངས་530ལྷག་ཡོད་པ། ཚོང་འགྲིག་ཚད་ཁྲི་1.74ཟིན་ཡོད་པས། གྲོང་གསེབ་ཐོན་ཁུངས་རྒྱུ་ནོར་ནུས་ཕྱོད་མཐོ་པོས་བཀོད་སྒྲིག་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ལུའུ་ཝེ་ཨེན་གྱིས། ཕྱིས་སུ། ང་ཚོས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཐོན་དབང་ནང་བཤུག་དང་དེ་བཞིན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ནས། གྲོང་ཁྱེར་དང་ཁུལ་གྱི་ཁྲིམ་རའི་མཉམ་ལས་མཉམ་སྐྲུན་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། བཟང་ཆ་ལྡན་པའི་ཞིང་ལས་ཐོན་རྫས་ཆེ་གྲས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ། གྲོང་ཁྱེར་ཡོངས་སུ་ཞིང་གསུམ་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་གསུམ་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཕན་ཚུན་འཁོར་རྒྱུག་ཐུབ་པར་རམ་འདེགས་བྱེད་པ། ཞིང་པའི་ཡོང་འབབ་འཕར་སྣོན་ནུས་ལྡན་ཡོང་བ། ཞིང་པའི་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་གཏོང་བ། མཉམ་སྡེབ་དཔལ་འབྱོར་ཤུགས་ཆེར་གཏོང་བ་བཅས་ཀྱི་ཐོག་ནས། གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

中央广播电视总台 央广网 版权所有

ཀན་སུའུ་ལན་ཀྲོའུ་ཡིས་གྲོང་གསེབ་ཀྱི་ཐོན་དབང་ཉོ་ཚོང་ཚད་ལྡན་དུ་བཏང་བ་དང་། གྲོང་གསེབ་ཀྱི་རྒྱུ་ནོར་ལས་གསོན་ཤུགས་རྒྱས་པ།

མཉམ་སྡེབ་དཔལ་འབྱོར་ཤུགས་ཆེར་གཏོང་བ་བཅས་ཀྱི་ཐོག་ནས། གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།