ལོ་སྟོད་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འདྲེན་གྱི་སྤྱི་འབྱོར་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་5.8འཕར་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་ཟོག་འདྲེན་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་7ཚེས་30ཉིན། ད་ལོའི་ལོ་སྟོད་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འདྲེན་གྱི་སྤྱི་འབོར་དེ་སྒོར་དུང་ཕྱུར་ཁྲི་167.4ཟིན་ནས་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་5.8འཕར་ནས། ན་ནིང་གི་དུས་ཚིགས་བཞི་པ་ཚུན་གྱི་འཕར་ཚད་ཅུང་མགྱོགས་ཙམ་ཡིན་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ལོ་སྟོད་ལ་བཟོ་ལས་དངོས་རྫས་ཀྱི་ཟོག་འདྲེན་སྤྱི་འབོར་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་5.8འཕར་ཡོད། དེའི་ཁྲོད་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འདྲེན་སྤྱི་འབོར་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་8.7འཕར་ཡོད་བ་དེ་དུས་ཚིགས་དང་པོ་བསྡུར་ན་བརྒྱ་ཆའི་གནས་1.2འཕར་ཡོད། ནང་འདྲེན་ཟོག་འདྲེན་གྱི་སྤྱི་འབོར་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་4.8འཕར་ཡོད་པ་དང་། གཅིག་བསྡུས་གློག་ལམ་སོགས་བར་གནས་ཐོན་རྫས་རིགས་ནང་འདྲེན་ཟོག་འདྲེན་གྱི་འཕར་ཚད་བརྒྱ་ཆ་10ཡས་མས་རྒྱུན་འཁྱོངས་ཐུབ་ཡོད། ཚན་པ་དང་གྲོང་མིའི་དངོས་རྫས་ཀྱི་སྤྱི་འབོར་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་8.7འཕར་ཡོད། སླར་སྐྱེད་ཐོན་ཁུངས་ཀྱི་ཟོག་འདྲེན་གྱི་སྤྱི་འབོར་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་11.1འཕར་ཡོད། ཚན་པའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཟད་གྲོན་ལ་མཁོ་བའི་ཟོག་འདྲེན་འགྲོ་གྲོན་ཅུང་ཟད་ཆག་ཡོད་པ་རེད།