ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་པ།

2024-07-02 10:34:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་དེ་སྤྱི་ལོ་2024ལོའི་ཟླ་7པའི་ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས་ཀྱི་ཐོ་འགོད་མ་རྩའི་དོ་དམ་ལམ་ལུགས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་།  ཁྱབ་བསྒྲགས་བྱས་པའི་ཉིན་དེ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  གཏན་འབེབས་དེར་ཁྱོན་དོན་ཚན་13ཡོད་པ་དང་།  གཤམ་གསལ་གྱི་ནང་དོན་འདུས་ཡོད་པ་སྟེ།  གཅིག་ནི།  གསོག་འཇོག་ཀུང་སིས་མ་དངུལ་འདོན་སྤྲོད་དུས་བཀག་ལེགས་སྒྲིག་བྱེད་པའི་བར་བརྒལ་དུས་མཚམས་ཀྱི་བཀོད་སྒྲིག་ཁ་གསལ་བཏོན་ཡོད་པ་དང་།  གཉིས་ནི།  ཀུང་སིའི་མ་འཇོག་རྒྱུན་ལྡན་མིན་པའི་ཐག་གཅོད་བྱ་ཐབས་གཏན་འབེབས་བྱས་པ།  ཀུང་སིས་མ་དངུལ་འདོན་སྤྲོད་དུས་བཀག་དང་།  མ་རྩ་ཐོ་འགོད་རྒྱུན་ལྡན་མིན་པ།  ཀུང་སི་ཐོ་འགོད་ལས་ཁུངས་ཀྱིས་དོན་དངོས་དང་ལུགས་མཐུན་རང་བཞིན་དང་རྒྱབ་འགལ་ཡིན་པ་གཏན་འཁེལ་བྱས་ཡོད་ཚེ།  གང་དེ་དུས་ཐོག་ཏུ་ཁྲིམས་ལྟར་ལེགས་སྒྲིག་བྱེད་དགོས་པའི་རེ་བ་འདོན་ཆོག  གསུམ་ནི།  ལྟ་སྐུལ་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ།  ཀུང་སིས་མ་རྩ་གཏོང་མཁན་གྱིས་མ་དངུལ་འདོན་སྤྲོད་ཁས་ལེན་དང་དངོས་སུ་སྤྲད་པའི་གྲངས་འབོར་སོགས་ལེགས་སྒྲིག་བྱས་ཚེ།  ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།  ཀུང་སི་ཐོ་འགོད་ལས་ཁུངས་ཀྱིས་ཀུང་སིའི་མ་དངུལ་འདོན་སྤྲོད་ཁས་ལེན་དང་དངོས་སུ་སྤྲོད་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།  གཞན་ཡང་།  གཏན་འབེབས་ནང་།  ཀུང་སི་ཐོ་འགོད་ལས་ཁུངས་ཀྱིས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།  བཀོལ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འབེབས་བྱེད་པ།  ལས་གཉེར་བརྒྱུད་རིམ་ལེགས་སྒྱུར་བྱེད་པ།  ཐོ་འགོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་པ།

ཐོ་འགོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།