ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་ཁག་གིས་ཏང་དབུ་བརྙེས་པའི་ཉིན་མོར་རྟེན་འབྲེལ་ཞུས་པ།

2024-07-02 10:33:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྤྱི་ཟླ་7པའི་ཚེས་1ཉིན།  ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་བསུ་བ་ཞུས་ཡོད།  ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཐོག་ནས་ཏང་དབུ་བརྙེས་པའི་ཉིན་མོར་རྟེན་འབྲེལ་ཞུས་ཏེ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ་བྱས་ཡོད།

  པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཏང་ཡོན་དང་མང་ཚོགས་ཁྲི་བཞི་ལྷག་ཙམ་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།  ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་།  ཀོང་ཞི་པའེ་སེ་འོས་ལངས་ཀྱི་དྲན་གསོའི་རྡོ་རིང་ཐང་ཆེན། ཀུའེ་ཀྲོའུ་ཙུན་དབྱི་གྲོས་ཚོགས་གནའ་ཤུལ་བཅས་སུ་ཏང་ཡོན་གསར་པ་ཚོས་ཏང་དར་ལ་ཁ་ཕྱོགས་ནས་བརྗིད་ཉམས་ཆེན་པོས་དམ་བཅའ་བཞག་ཡོད།  ཏང་ནང་ཞུགས་དུས་ཀྱི་དམ་བཅར་ཕྱིར་དྲན་གྱིས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ།  ཧྥུ་ཅན་ཞིང་ཆེན་གསར་བརྗེའི་ལོ་རྒྱུས་དྲན་གསོ་ཁང་དང་།  ལེའོ་ཧྲེན་གཡུལ་འགྱེད་ཀྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན།  ཅང་ཞི་ཕིང་ཤང་།  ཅང་སུའུ་ཐའེ་ཀྲོའུ་སོགས་ས་ཆར་ས་གནས་ཁག་གི་ཏང་ཡོན་ཚོས་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞིར་བསྐྱོད་དེ་གསར་བརྗེའི་སློབ་གསོ་དང་ལེན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཡོད།

  ཏང་ལ་བསྟོད་གླུ་ཕུལ་ཏེ་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་ཡོད།  ཧུའུ་པེ་ཨན་ཧྲེ་ཁུལ་ཅན་ཧྲེ་རྫོང་དུ་ཏང་ཡོན་དང་མང་ཚོགས་2000ཙམ་གྱིས་ཏང་དར་ཆེན་པོའི་འོག་མཉམ་གཞས་བཏང་བ་དང་།  ཀན་སུའུ་ཧུའེ་ཉིང་རྫོང་དམར་དམག་མཉམ་འཛོམས་གནའ་ཤུལ་དུ་མི་སྟོང་གིས་གསར་བརྗེའི་སྙན་ངག་གྱེར་ཀློག་བྱས་པ།  ཅི་ལིན་ཁྲང་ཁྲུན་དུ་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་བཀའ་དྲིན་ཚོར་བ།  ཏང་གི་རྗེས་སུ་འབྲང་བ་ཞེས་པའི་མི་ཁྲིའི་མཉམ་གཞས་བྱེད་སྒོ་སྤེལ་བ།  ཧྲན་ཏུང་ཝེ་ཧྥང་ཁྲང་ལེ་རྫོང་དུ་གསར་བརྗེའི་གླུ་གཞས་སྙན་པོའི་འགྲན་བསྡུར་སྤེལ་ནས་ཡར་བརྩོན་ལ་སྐུལ་མ་བཏང་བ།  ཡུན་ནན་མོའུ་ཏིང་རྫོང་ལས་རིགས་མཐོ་འབྲིང་གི་དགེ་སློབ་ཚོས་གཤོག་བྲེག་བརྩམས་ཆོས་ཆེ་གྲས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱིས་ཐོག་མའི་བསམ་འདུན་མངོན་པར་བྱེད་ཅེས་པ་བཟོས་ཏེ།  ཏང་ལ་མཛད་མཐའ་མེད་པའི་དགའ་ཞེན་དང་བརྩེ་བ་ཟབ་མོས་སྨོན་འདུན་ཞུས་ཡོད་པ་རེད། 

中央广播电视总台 央广网 版权所有

ས་གནས་ཁག་གིས་ཏང་དབུ་བརྙེས་པའི་ཉིན་མོར་རྟེན་འབྲེལ་ཞུས་པ།

ཏང་ལ་མཛད་མཐའ་མེད་པའི་དགའ་ཞེན་དང་བརྩེ་བ་ཟབ་མོས་སྨོན་འདུན་ཞུས་ཡོད་པ་རེད།