ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་བ་4རིང་རྒྱལ་ཡོངས་ཀྱི་སྤྱི་པའི་སྔོན་རྩིས་ཀྱི་འཕེལ་ཁ་བཟང་བ།

2024-05-21 10:45:00     责编:娜科

སྤྱི་ཚེས་20ཉིན་ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། སྤྱི་ཟླ་1ནས་4བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་80926ཟིན་པ་དེ་དུས་མཚུངས་ལས་2.7%ཆག་ཡོད་མོད། འོན་ཀྱང་དམིགས་བསལ་རྒྱུ་རྐྱེན་འཐེན་འཕྲི་བྱས་ནས་བསྡུར་ན་2%ཙམ་འཕར་ཐུབ་པ་དེའི་ཐོག་ནས་སླར་གསོའི་རང་བཞིན་གྱི་འཕར་ཚུལ་མངོན་ཡོད་པ་རེད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་དུས་མཚུངས་ལས་4.9%ཆག་ཡོད་མོད། འོན་ཀྱང་དམིགས་བསལ་རྒྱུ་རྐྱེན་འཐེན་འཕྲི་བྱས་ནས་བསྡུར་ན་0.5%ཡས་མས་འཕར་ཐུབ་ཡོད་པ། ཁེ་ལས་ཀྱི་ཐོབ་ཁྲལ་0.9%འཕར་བ། རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་6.2%འཕར་བ། མི་སྒེར་གྱི་ཐོབ་ཁྲལ་7%ཆག་ཡོད་པ་རེད། དེ་བཞིན་ཕྱིར་གཏོང་ཁྲལ་སློག་18.8%འཕར་ནས་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

 

 

གཏོང་སྒོའི་ཐད་སྤྱི་ཟླ་1ནས་4བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་89483ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་ཅུང་མཐོ་བ་ཡོད་པ་རེད། གཏོང་སྒོའི་ཁྱབ་ཁོངས་གཙོ་བོ་ནི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སློབ་གསོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། ཞིང་ལས་དང་ནགས་ལས། ཆུ་བེད། སྡོད་ཁང་འགན་སྲུང་བཅས་ཚུད་ཡོད་པས་ཚང་མ་འཕར་ཡོད་ཅིང་། གྲངས་གཞི་དེ་དག་ལས་སྲིད་གཞུང་གིས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་ཐུབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་གསལ་བཤད་ཐུབ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། བསྟན་དབང་།

སྒྲིག་སྒྱུར། ཚེ་ཕུན།

中央广播电视总台 央广网 版权所有

ཟླ་བ་4རིང་རྒྱལ་ཡོངས་ཀྱི་སྤྱི་པའི་སྔོན་རྩིས་ཀྱི་འཕེལ་ཁ་བཟང་བ།