ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ།

2023-11-30 10:50:00     责编:桑吉卓玛

ཟླ་11ཚེས་26ཉིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད། མགྱོགས་ཤོས་སྐབས་ས་གནས་གཉིས་བར་ཆུ་ཚོད་1དང་སྐར་མ་18ནང་འགོར་གྱི་མེད་པ་དང་། ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་མགྱོགས་ཤོས་ལ་ཆུ་ཚོད་4དང་སྐར་མ་30ཡི་ནང་སླེབས་ཐུབ་ཀྱི་ཡོད།

ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་གཡུ་ལུང་འཇང་རིགས་རང་སྐྱོང་རྫོང་ས་དམ་འབབ་ཚུགས་ནས་འགོ་ཚུགས་པ་དང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་འབབ་ཚུགས་དང་མཐུད་ཡོད། ཇུས་འགོད་བྱས་པའི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་140ཡིན་པ་དང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་139ཟིན་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྐྱང་ཐིག་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན་པ་རེད།

ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་ཡུན་ཀུའེ་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་བར་བརྒལ་ཁུལ་དུ་གནས་ཤིང་། རང་རྒྱལ་གྱི《དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད》ཁྲོད་ཀྱི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། ས་དམ་གནའ་གྲོང་དང་། ལ་ཧྲི་མཚོ། གཡུ་ལུང་གངས་རི། སྟག་མཆོང་གྲོག་རོང་། ཧ་པ་གངས་རི། སེམས་ཀྱི་ཉི་ཟླ་སོགས་ལྗོངས་ཁུལ་མང་པོ་མཐུད་ཡོད་པས“མཛེས་པའི་ཡུན་ནན་རི་ཁུལ་གྱི་མཁའ་ལམ”ཞེས་པའི་མཚན་སྙན་ཐོབ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། བདེ་གཡང་།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ།

ཟླ་11ཚེས་26ཉིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད། མགྱོགས་ཤོས་སྐབས་ས་གནས་གཉིས་བར་ཆུ་ཚོད་1དང་སྐར་མ་18ནང་འགོར་གྱི་མེད་པ་དང་། ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་མགྱོགས