ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་ནས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ།

2023-11-29 18:11:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁག་གཉིས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།   ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅུ་པསརིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་དེ་བས་མཐོང་ཆེན་དང་།  རིགས་དབྱེ་མཛུབ་ཁྲིད་ལ་དེ་བས་མཐོང་ཆེན།   རྨང་གཞི་བརྟན་གཏོང་ལ་དེ་བས་མཐོང་ཆེན།  གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་དེ་བས་མཐོང་ཆེན།   འགོ་ཁྲིད་མཛུབ་ཁྲིད་ལ་དེ་བས་མཐོང་ཆེན་བཅས་བྱེད་དགོསཞེས་པར་དམ་པོར་དམིགས་ནས།   ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་གཉིས་དང་མཉམ་དུ་བརྗོད་དོན་གཅིག་ལ་ཐུན་མོང་དུ་ལན་འདེབས་པ་དང་།    ཕྱོགས་གཅིག་ལ་ཤུགས་རྒྱག་པ།    བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ཡོད།

ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་།    ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཡོད།    ཧུའུ་པེར་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིསབསམ་བློའི་ཁྲིད་སྟོན་དང་སློབ་སྦྱོང་སྔོན་ལ་བྱེད་པའིལམ་སྲོལ་རྒྱ་ཆེར་གཏོང་བ་དང་།  རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་2550ལ་སྣེ་ཁྲིད་བྱས་ཏེ།    དཔེ་ཀློག་འཛིན་གྲྭ་གཉེར་བ་དང་།     ཧུའུ་པེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ།    ཧུའུ་ནན་དུ་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིསཟླ་བ་རེར་སློབ་ཚན་རེ་དང་།   སློབ་ཚན་རེར་ལག་ལེན་རེཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བྱེད་ཐབས་ནུས་ལྡན་དུས་ཐོག་ཏུ་ཤེས་རྟོགས་དང་ཕྱོགས་སྡོམ་གཏིང་ཟབ་བྱས་ནས།     ཧུའུ་ནན་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཁྲོད་སྤྱོད་རྒྱུར་མཛུབ་ཁྲིད་བྱས་ཏེ།    གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོ་རུ་བཏང་ཡོད། 

སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་ད་དུང་ཧུའུ་པེ་དང་ཧུའུ་ནན་གྱི་རྫོངགྲོང་ཁྱེར་དང་ཆུས)72དང་།  ཤང་གྲོངཁྲོམ་གཞུང  གྲོང་ཚོསྡེ་ཁུལསློབ་གྲྭ།  སྨན་ཁང་།   ཁེ་ལས་སོགས་གཞི་རིམ་ཚན་164ལ་སྔ་རྗེས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་།    ཏང་ཡོན་དཀྱུས་མ་དང་།   གྲོང་མི་མང་ཚོགས།  འཐབ་ཕྱོགས་དང་པོའི་ལས་བཟོ་བ་སོགས་དང་སྤེལ་རེས་བྱས་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་རེད།

ཧུའུ་པེར་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་ཁུལ་ཆུང་རྙིང་པའིཐོག་ཁང་ལ་སྐྱོད་དཀའ་བསོགས་དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམིགས་ཏེ།    ཧུའུ་པེ་ཞིང་ཨུད་ཀྱིས་ནུས་ལྡན་གྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ནས།   ཁུལ་ཆུང་རྙིང་པའི་ནང་གློག་སྐས་བསྒར་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་།   ཧུའུ་ནན་དུ་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་ཤང་ཅང་ཁུལ་གསར་གྱི་མང་ཚོགས་ཀྱིས་ཞུ་གཏུག་བརྒྱབ་པའི་མྱུར་བགྲོད་གཞུང་ལམ་གྱི་གནས་སྐབས་ས་ཞིང་བཟུང་སྤྱོད་དང་།    དུས་བརྒལ་བསྐྱར་སྦོལ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།   ས་གནས་དེ་གའི་སྲིད་གཞུང་ལ་ས་ཞིང་བསྐྱར་སྦོལ་གནད་ལ་འཁེལ་བ་བྱ་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་པ་མ་ཟད།  ཧུའུ་ནན་གྱི་ས་གནས་ཁག་ལ་ཆོག་མཆན་མ་ཐོབ་པར་སྔོན་ལ་བེད་སྤྱོད་གཏོང་བ་དང་།   བསྐྱར་སྦོལ་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཁག་77གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་མཛུབ་ཁྲིད་ཀྱང་བྱས་པ་རེད།

中央广播电视总台 央广网 版权所有

ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་ནས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ།

ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་