ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ཟླ་གསུམ་བསྟུད་མར་འཕར་སྣོན་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

2023-11-28 11:40:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་10པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་2.7%འཕར་ནས། ཟླ་བ་གསུམ་བསྟུད་མར་འཕར་སྣོན་བྱུང་ཡོད། རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་། བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་མགྱོགས་མྱུར་འཕར་བ། ཁེ་སྤོགས་རྒྱུན་མཐུད་ངང་སླར་གསོ་བྱུང་ནས་ལེགས་སུ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

ཟླ་བཅུ་པར་བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་མུ་མཐུད་ལེགས་སུ་ཕྱིན་ཡོད། བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་ཐོན་རྫས་བྲིན་ཚོང་བྱེད་ཚད་ཟླ་4བསྟུད་མར་97.0%ཡན་རྒྱུན་འཁྱོངས་ཐུབ་ནས། ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ཡོད། སའེ་ཏི་ཞིབ་འཇུག་ཁང་བཟོ་ལས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཀོན་པིང་གིས། བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་རིམ་རྩིས་བྱས་ན་འཕར་སྣོན་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་0.3%འཕར་བ་དང་། ཟླ་དང་པོ་ནས་དགུ་པའི་བར་གྱི་དུས་མཚུངས་ཀྱི་དོ་སྙོམས་ནས་འཕར་བའི་ཕྱོགས་སུ་འགྱུར་ལྡོག་བྱུང་ཡོད་ཅིང་། དེའི་ནང་ཟླ་10པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་2.5%འཕར་བ་དང་། འཕར་ཚད་ཟླ་9པ་ལས་བརྒྱ་ཆའི་གནས་1.3མགྱོགས་སུ་ཕྱིན་ནས། ཟླ་4བསྟུད་མར་འཕར་སྣོན་བྱུང་ཡོད།

འདི་ལོ་ནས་བཟུང་། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། སྦགས་མེད་ཅན་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སྟོབས་ཆེར་ཕྱིན་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ཟླ་གསུམ་བསྟུད་མར་འཕར་སྣོན་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

ཚེས་27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་10པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་2.7%འཕར་ནས། ཟླ་བ་གསུམ་བསྟུད་མར་འཕར་སྣོན་བྱུང་ཡོད།