ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་ནེའུ་ཙི་ལན་གྱི་གསར་དུ་བསྐོ་བཞག་བྱས་པའི་ཙུང་ལིར་རྟེན་འབྲེལ་གློག་འཕྲིན་བཏང་བ།

2023-11-28 11:39:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་11ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁེ་ལི་སི་ཐུའོ་ཧྥུའུ·ལ་ཁེ་སེན་ལ་གློག་འཕྲིན་བཏང་ནས། ཁོང་གིས་ནེའུ་ཙི་ལན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

  ལི་ཆང་གིས། ཀྲུང་གོ་དང་ནེའུ་ཙི་ལན་ནི་ཕན་ཚུན་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་རེད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50ལྷག་ཙམ་རིང་། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་པ་དང་། ཐུན་མོང་ཐོགཨང་དང་པོམང་པོ་བཏོད་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་སྐྲུན་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ང་རང་ནས་ཁྱེད་རང་དང་ཁྱེད་རང་གིས་དབུ་ཁྲིད་གནང་བའི་ནེའུ་ཙི་ལན་གྱི་སྐབས་གསར་པའི་སྲིད་གཞུང་དང་མཉམ་དུ་མཐོ་རིམ་གྱི་འགྲོ་འོང་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན། མཛའ་གྲོགས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་གསུངས་འདུག

中央广播电视总台 央广网 版权所有

ལི་ཆང་གིས་ནེའུ་ཙི་ལན་གྱི་གསར་དུ་བསྐོ་བཞག་བྱས་པའི་ཙུང་ལིར་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཟླ་11ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁེ་ལི་སི་ཐུའོ་ཧྥུའུ·ལ་ཁེ་སེན་ལ་གློག་འཕྲིན་བཏང་ནས།