གསར་གཏོད་ཀྱི་ཕྱོགས་སུ་བསྐྱོད་ནས། ཧྲེན་ཀྲེན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཆགས་པར་བྱེད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ཆགས་པར་བྱེད་པའི་འགག་རྩའང་ཡིན། གསར་གཏོད་ཀྱི་གྲོང་ཁྱེར་ཀོང་ཏུང་ཧྲེན་ཀྲེན་གྱིས་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་ཟམ་མི་ཆད་པར་སྡེབ་སྒྲིག་བྱས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཆགས་པར་བྱེད་བཞིན་ཡོད།
ཧྲེན་ཀྲེན་པའོ་ཨན་ཁུལ་དུ་བཟོ་སྐྲུན་ལས་རིགས་གཅིག་སྡུད་ཆེ་བ་དང་། འདི་གར་ཆ་སྙོམས་སྤྱི་ལེ་ངོས་གྲུ་རེར་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་18ཡོད་པ་དང་། རྒྱལ་ཡོངས་ཀྱི་རིག་ནུས་གྱོན་ཆས་ཐོན་རྫས་10རེའི་ནང་ནས་ཐོན་རྫས་3ནི་པའོ་ཨན་ཁུལ་ནས་ཐོན་པ་ཞིག་རེད།
གློག་གསོག་པའི་དུས་ཚོད་རིང་བ་ནི་འཁོར་བདག་མི་ཉུང་བ་ཞིག་གིས་ནུས་རྒྱུ་གསར་པའི་རླངས་འཁོར་སྤྱོད་སྐབས་ཀྱི་དཀའ་ཚེགས་ཤིག་ཡིན། འོན་ཀྱང་པའོ་ཨན་ཁུལ་གྱི་མཐོ་གསར་ལག་རྩལ་ཁེ་ལས་ཤིག་ཏུ་གསར་དུ་ཁྲོམ་རར་བཏོན་པའི་གློག་མྱུར་གསོག་གློག་རྫས་ཀྱིས་གློག་གསོག་པར་སྐར་མ་བཅུ་གྲངས་ཁ་ཤས་ལས་འགོར་གྱི་མེད་པ་དང་། དེ་ནི་ཀོག་ཧྥེ་འཐུང་བའི་དུས་ཚོད་དང་འདྲ་པོ་ཡིན། བལྟས་ན་སྟབས་བདེ་བའི་མྱུར་ཚད་མགྱོགས་སུ་གཏོང་བའི་ལས་ཀ་དེའི་རྒྱབ་ཏུ་ཁྱབ་ཁོངས་མང་པོའི་ལག་རྩལ་བཅུ་གྲངས་ཚད་བརྒལ་བྱས་ཡོད་པ་རེད།
ཁེ་ལས་ཀྱི་ལག་རྩལ་འགག་གཏོར་བྱ་རྒྱུ་ནི་སྒུལ་ཤུགས་གཙོ་བོ་ཡིན། ཁེ་ལས་ཀྱིས“སྒྲུབ་འདོད་ཀྱང་བསྒྲུབ་མི་ཐུབ་པའི”འགག་སྒྲོལ་ལས་འགན་ལ་དམིགས་ཐོག མ་ལག་ཅན་གྱི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་ཐོན་ལས་ཀྱི་འབྱུང་ཁམས་འཐུས་ཚང་དུ་གཏོང་བ་ནི་སྲིད་གཞུང་གི་རོགས་སྐྱོར་ཁ་ཕྱོགས་ཡིན། ཧྲེན་ཀྲེན་ཕིང་ཧྲན་ཁུལ་དུ། བེད་སྤྱོད་བྱས་ནས་ཡུན་རིང་མ་སོང་བའི་རིག་ནུས་དྲ་སྦྲེལ་རླངས་འཁོར་ཚོད་ལྟའི་ར་བ་ཞིག་ཏུ་རླངས་འཁོར་ཁེ་ལས་མི་ཉུང་བ་ཞིག་གིས་གྲལ་བསྒྲིགས་ནས་མིང་ཐོ་འགོད་བཞིན་ཡོད་པ་རེད། དེ་ནི་སྲིད་གཞུང་གིས་མ་འཇོག་བྱས་ནས་བསྐྲུན་པའི་ཁུག་པ་ཆེན་མོའི་ཁུལ་གྱི་ཚོད་ལྟའི་ར་བ་དང་པོ་དེ་ཡིན་ཞིང་། ས་གནས་དེ་གའི་ཁེ་ལས་ལ་30%ཡི་འབྲེལ་ཡོད་མ་གནས་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།
སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་ཤུགས་ཤིག་ཆགས་ཡོད། མིག་སྔར་ཧྲེན་ཀྲེན་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་ཚོགས་སྤྱི་ཆ་ཚང་ཞིག་བསྐྲུན་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རིག་ནུས་དྲ་སྦྲེལ་རླངས་འཁོར་ཐོན་ལས་དུས་མཚུངས་ལས་44.8%འཕར་ཡོད། ཚན་རྩལ་གསར་གཏོད་ཀྱི་འགག་རྩར་དམ་འཛིན་བྱས་ཐོག སྲིད་གཞུང་གིས་ད་དུང་རྨང་གཞིའི་ཞིབ་འཇུག་གི་ཇུས་ཁུངས་ནུས་པ་ཆེ་རུ་གཏོང་བཞིན་ཡོད། འོད་ཟེར་ཚན་རིག་གྲོང་དུ་སྤྱི་ལེ་ངོས་གྲུ་100ཡང་མ་ཟིན་པའི་སྔོ་ལྗང་རི་ཆུའི་ཁྲོད་ཚན་རྩལ་གསར་གཏོད་ཀྱི་རྟེན་གཞི་གལ་ཆེན་24དང་དེ་བཞིན་འདྲ་ཀླད་རིག་ནུས་དང་མཉམ་བསྲེས་སྐྱེ་དངོས་སོགས་འབྱུང་འགྱུར་ཐོན་ལས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་བཀོད་སྒྲིག་བྱས་པ་མ་ཟད། “ཐོག་ཁར་ཚན་ཞིབ་གསར་གཏོད་དང་། འོག་ཏུ་སྐྱེད་སྲིང་ལས་གཏོད”ཀྱི་ཕྱོགས་བསྡུས་རྣམ་པའི་མ་དཔེ་འཚོལ་ཞིབ་བྱས་ནས། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་ལ་སྐུལ་འདེད་བཏང་ཡོད།
མིག་སྔར། ཧྲེན་ཀྲེན་གྱིས་ནུས་ཤུགས་བཏོན་ནས་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་20བཀོད་སྒྲིག་བྱས་ཡོད་པ་དང་། ཚད་རྡུལ་ཆ་འཕྲིན་དང་བར་མཐོངས་ལག་རྩལ་སོགས་འབྱུང་འགྱུར་གྱི་ཐོན་ལས་ཚོགས་པ་ཆེན་པོ་8ལ་རྒྱང་ལྟའི་བཀོད་སྒྲིག་བྱས་ཡོད། འདི་དག་ལ་གཞིགས་ནས་འགག་རྩར་ཐུག་པའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱས་པར་གསར་གཏོད་དང་འགག་སྒྲོལ་རབ་དང་རིམ་པ་བྱུང་ཡོད་པ་རེད།